ཞི་ཅིན་ཕིང་གི་ལས་ཡུན་གསུམ་པའི་ཁ་ཕྱོགས་དང་ཉེན་འགན།

2022.10.29
ཞི་ཅིན་ཕིང་གི་ལས་ཡུན་གསུམ་པའི་ཁ་ཕྱོགས་དང་ཉེན་འགན། ཞི་ཅིན་ཕིང་གིས་མ་འོངས་ལོ་ལྔའི་ནང་སྲིད་བྱུས་ཇི་འདྲ་ཞིག་ལག་བསྟར་བྱེད་མིན་དང་འདིའི་མཇུག་འབྲས་ཇི་ལྟར་ཡོང་སྲིད་མིན།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ ༢༠ པའི་ཐོག་ཞི་ཅིན་ཕིང་གིས་ཐག་གཅོད་དང་བྱ་ཐབས་འཛིན་སྟངས་ཐད་གླེང་གཞི་ཆེན་པོར་གྱུར་ཞིང་། ཞི་ཅིན་ཕིང་གི་ལས་ཡུན་གསུམ་པའི་ཁ་ཕྱོགས་འདི་བཟང་ངན་ཇི་འདྲ་ཡོང་མིན་ཐད་གླེང་གཞི་ཆེན་པོར་གྱུར་པ་མ་ཟད། ཚོགས་ཆེན་ ༢༠ པའི་ཐོག་ནས་ཞི་ཅིན་ཕིང་གིས་ལས་ཡུན་གསུམ་པ་མུ་མཐུད་བཟུང་རྒྱུའི་ཐག་གཅོད་བྱུང་པ་འདིས་གཅིག་སྡུད་དབང་འཛིན་གྱི་ལམ་ལུགས་སྔར་བས་ཤུགས་ཆེ་རུ་འགྲོ་བར་དྭོགས་གནད་ཆེན་པོར་གྱུར་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཞི་ཅིན་ཕིང་གིས་མ་འོངས་ལོ་ལྔའི་ནང་སྲིད་བྱུས་ཇི་འདྲ་ཞིག་ལག་བསྟར་བྱེད་མིན་དང་། འདིའི་མཇུག་འབྲས་ཇི་ལྟར་ཡོང་སྲིད་མིན་ཐད་དཔྱད་བརྗོད་ཞུ་སླད་གནད་དོན་དབྱེ་ཞིབ་པ་དང་ལྷན་ལས་རིམ་གཙོ་སྐྱོང་བ་རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པ་འདི་གསན་རོགས་གནང་།།

གསར་འགོད་པ་བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎