ལས་ཀ་དང་སློབ་ཞུགས་ཀྱི་ཁེ་ཕན་ཆེད་༧གོང་ས་མཆོག་ལ་དད་མོས་ཞུ་རྒྱུ་མེད་པའི་ཆ་རྐྱེན་བཏོན་ཡོད་པ།
ཕྱི་ལོ་ ༢༠༢༣ ལོར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྡུག་པོ་ཡོད་པ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་པའི་ནང་བཀོད་ཡོད་ཅིང་། རྒྱ་ནག་གཞུང་གིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་སྐྱོན་བརྗོད་བྱེད་པའི་ལས་དོན་ཤུགས་ཆེ་རུ་བཏང་ཞིང་། ༧གོང་ས་༧སྐྱབས་མགོན་ཆེན་པོའི་སྐོར་གྱི་གནས་ཚུལ་བཀག་བསྡོམས་ཇི་ལྟར་བྱེད་ཡོད་མེད། ལྷག་པར་གཞུང་གི་ལས་ཀ་དང་སློབ་ཞུགས་སོགས་ཀྱི་ཁེ་ཕན་ཆེད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་མོས་ཞུ་རྒྱུ་མེད་པའི་ཆ་རྐྱེན་བཏོན་པ་བཅས་བྱུང་ཡོད་པ་རེད། བདུན་རེའི་དཔྱད་བརྗོད་གླེང་སྟེགས་ཀྱི་ལས་རིམ་ནང་། སྙན་ཐོ་དང་འབྲེལ་ནས་བོད་ནང་གི་གནས་སྟངས་ཐད་བསྐྱར་ལྟའི་ཆེད་བཀྲིས་དབང་ཕྱུག་ལགས་དང་བསྟན་འཛིན་བདེ་སྐྱིད་ལགས་ཀྱི་དབར་དཔྱད་གཞིའི་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།