རྒྱ་ནག་གི་སྲིད་འཛིན་རྒྱ་གར་ལ་འཚམས་གཟིགས་འབྱོར་འདུག
2014.09.17
རྒྱ་གར་ནག་གི་དབུ་ཁྲིད་གཉིས་ཀྱིས་གླིང་ཆེན་ཨེ་ཤི་ཡའི་སྟོབས་ཆེན་རྒྱལ་ཁབ་གཉིས་དབར་འབྲེལ་ལམ་བཟང་དུ་གཏོང་ཐབས་གནང་རྒྱུ་ཡིན་པ་རེད།
དེ་ཡང་ཚེས༡༧ཉིན་རྒྱབ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་རྒྱ་གར་གྷུ་ཅུ་ར་ཌེ་མངའ་སྡེའི་རྒྱལ་ས་ཨ་མེ་ཌ་བྷ་ཌ་ Ahmedabadགནམ་ཐང་དུ་འབྱོར་ཡོད་ཅིང་། སྐབས་དེར་གྷུ་ཅུ་ར་ཌེ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཨ་ནན་ཌི་བྷན་Anandiben Patelགཙོས་མཐོ་རིམ་དཔོན་རིགས་ཁག་གིས་ཕེབས་བསུ་བྱས་ཡོད་འདུག རྒྱ་གར་གྱི་སྲིད་བློན་ན་རེན་དར་མོ་དྷི་མཆོག་དགུང་གྲངས་༦༤ལ་ཕེབས་པའི་སྐྱེས་སྐར་དེ་རིང་རྒྱ་ནག་གི་སྲིད་འཛིན་ལྷན་གྲོང་ཁྱེར་Ahmedabadདུ་དགོང་དྲོའི་གསོལ་ཚིག་མཉམ་བཞེས་གནང་ནས་སྲུང་བརྩི་གནང་སྟེ། འགྲན་རྩོད་ཆེ་བའི་གླིང་ཆེན་ཨེ་ཤི་ཡའི་སྟོབས་ཆེན་རྒྱལ་ཁབ་གཉིས་དབར་འབྲེལ་ལམ་བཟང་དུ་གཏོང་ཐབས་གནང་རྒྱུ་ཡིན་པ་རེད། རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་རྒྱལ་ཞེན་གྱི་ལྟ་བ་མཁྲེགས་འཛིན་གནང་མཁན་ཞིག་ཡིན་ནའང། ཁོང་གིས་ད་ལོ་ཕྱི་ཟླ་༥པའི་ནང་སྲིད་བློན་གྱི་ཐུགས་འགན་བཞེས་པ་ནས་བཟུང་རྒྱ་ནག་མཉམ་འབྲེལ་བ་འགོ་འཛུགས་ཀྱིས་སྲིད་འཛིན་ཞི་ཅིན་ཕེན་རྒྱ་གར་ལ་ལྟ་སྐོར་ཡོང་རྒྱུའི་འགོག་རྐྱེན་ཚང་མ་མེད་པ་བཟོས་གནང་ཡོད་པ་རེད། འོན་ཀྱང་སྲིད་བློན་མོ་དྷི་ཡིས་རྒྱ་ནག་དེ་བཞིན་འགྲན་བསྡུར་བྱ་ཡུལ་གྱི་རྒྱལ་ཁབ་ཅིག་ལ་རྩིས་གནང་གི་ཡོད་པ་དང། དེ་སྔོན་གྱི་ཀོངྒ་རེསི་ཚོགས་པའི་གཞུང་དང་མི་འདྲ་བར་རྒྱ་ནག་མཉམ་ནུས་ཤུགས་ལྡན་པའི་ཕྱི་འབྲེལ་སྲིད་བྱུས་ལག་བསྟར་གནང་རྒྱུའི་འདོད་པ་ཡོད་སྐོར་གསལ་པོ་གསུང་ཡོད་པ་རེད།
རྒྱ་དཀར་ནག་གཉིས་དབར་རྩོད་གཞི་ཡོད་པའི་ས་མཚམས་ཁུལ་རྒྱ་ནག་གིས་ས་ཆ་ཡིན་ཁུལ་བརྗོད་སའི་རྒྱ་བརྒྱུད་ཀི་ལོམི་ཊར་༡༠༠འི་ནང་ཚུད་རྒྱ་གར་དམག་མིར་རྒྱ་གར་གྱི་གཞུང་གསར་པས་ཉེ་དུས་གཞུང་ལམ་གསར་རྒྱག་དང་འབྲེལ་བའི་ལས་གཞི་གཞན་འགོ་འཛུགས་བྱེད་དུ་བཅུགས་ཡོད་པ་རེད། འོན་ཀྱང་ད་རེས་དབུ་འཁྲིད་གཉིས་དབར་གཙོ་བོ་དཔལ་འབྱོར་གྱི་གཞི་ཡུལ་ཐོག་མཉམ་འབྲེལ་གནང་ཕྱོགས་སྐོར་གྲོས་མོལ་གནང་རྒྱུ་ཡིན་པ་དང། རྒྱ་ནག་གིས་རྒྱ་གར་གྱི་མེ་འཁོར་ལྕགས་ལམ་ཡར་རྒྱས་གཏོང་རྒྱུའི་ལས་འཆར་ལ་རོགས་རམ་བྱ་རྒྱུའི་
འཆར་གཞི་ཡོད་པ་རེད།
གསར་འགོད་པ་རིག་ལྡན་སྒྲོལ་མ།
འབྲེལ་ཡོད་གནས་ཚུལ་གཤམ་ལ་དེང་དུས་ཀྱི་རྒྱ་ནག་ཅེས་པའི་ལེ་ཚན་ནང་དུ་གསན་རོགས།
གསར་འགོད་པ་བློ་བཟང་ཆོས་འཕེལ།