གདོད་མའི་མི་རིགས་ཀྱི་ཆོས་དང་རིག་གཞུང་ཁོར་ཡུག་བཅས་པ་སྲུང་སྐྱོབ་ཆེད་རྒྱ་གར་རྩ་ཁྲིམས་ཀྱི་ལེའུ་དྲུག་པ་དེ་ལ་དྭགས་ཐོག་ལག་བསྟར་དགོས་པའི་དགོས་འདུན་བཏོན་པའི་ཟས་བཅད་ངོ་རྒོལ་མཚམས་འཇོག
2024.10.23
ཐེངས་འདིའི་ཧི་མ་ལ་ཡའི་མི་རིགས་དང་རིག་གཞུང་ཞེས་པའི་ལེ་ཚན་ནང་་ལ་དགས་ཀྱི་མི་སྣ་གྲགས་ཅན་བསོད་ནམས་དབང་ཕྱུགས་ལགས་དབུས་པའི་ཞི་བའི་གོམ་བགྲོད་པ་༢༠་རྩ་གྲངས་ཤིག་གིས་འདི་ཟླའི་ཚེས་༦་ཉིན་ནས་བཟུང་ལ་དགས་ཀྱི་གདོད་མའི་མི་རིགས་ཀྱི་ཆོས་དང་རིག་གཞུང་ཁོར་ཡུག་བཅས་པ་སྲུང་སྐྱོབ་ཆེད་རྩ་ཁྲིམས་ཀྱི་ལེའུ་དྲུག་དགོས་པ་སོགས་ཀྱིས་དགོས་འདུན་བཏོན་གནང་སྟེ་ཟས་བཅད་ལས་འགུལ་སྤེལ་བ་གནང་བ་དེ་ཕྱི་ཟླ་༡༠་ཚེས་༢༡་སྟེ་རེས་གཟའ་ཟླ་བའི་ཉིན་མཚམས་འཇོག་གནང་བའི་སྐོར་འབྲེལ་ཡོད་མི་སྣ་ཁག་ལ་སེངྒེ་རི་བསོད་ནམས་ལྷ་མོ་ལགས་ཀྱིས་གནས་འདྲི་ཞུས་ནས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང།།
གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།