རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག


2020.06.17
རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་མཉམ་ཞུགས་གནང་བའི་གནས་ཚུལ་བཅས་སྐོར་གླེང་བ།
གྷུ་གྷལ།

༄༅།།ཁ་བའི་གྲོས་རྭའི་ལེ་ཚ་ནང་རྒྱ་གར་བྱང་ཕྱོགས་ལ་དྭགས་ས་མཚམས་སུ་རྒྱ་མིའི་དམག་མིས་ཉེ་ལམ་དཔུང་འཇོག་བྱས་ནས་ཉིན་འགའ་སོང་རྗེས་ཕྱི་ཚེས་ ༡༦ ཉིན་རྒྱ་མིའི་དམག་མི་དང་རྒྱ་གར་གྱི་ས་མཚམས་དམག་མི་དབར་ལག་འཛིང་བཏང་ནས་ཕར་ཚུར་བསད་རེས་བྱས་པའི་གནས་ཚུལ་དང་འབྲེལ་རྒྱ་གར་ནང་བོད་དོན་རྒྱབ་སྐྱོར་ཆེ་རུ་འགྲོ་མིན་གྱི་སྐོར་བོད་མི་དམངས་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་དང་བཅའ་འདྲི་བྱེད་པའི་ལེ་ཚན་དུམ་བུ་དང་པོ་དང་། ལེ་ཚན་དུམ་བུ་གཉིས་པའི་ནང་རྒྱ་ནག་དམར་ཤོག་གཞུང་ལ་ཁ་གཏད་གདོང་ལེན་ཆེད་མཉམ་འབྲེལ་གྱིས་ཡར་ཐོན་ཅན་གྱི་ནུབ་ཕྱོགས་དམངས་གཙོ་ལུང་པའི་གྲོས་ཚོགས་འཐུས་མི་མནའ་འབྲེལ་ཚོགས་པ་ཞིག་གསར་དུ་བཙུགས་ཡོད་ཅིང་།ད་བར་འཛམ་གླིང་གང་ས་ནས་གྲོས་ཚོགས་འཐུས་མི་༡༠༠ལྷག་མཉམ་ཞུགས་ཀྱིས་རྒྱལ་སྤྱིའི་རང་བཞིན་ཅན་གྱི་མཐུན་ཕྱོགས་ཚོགས་པ་ཆེ་ཤོས་ཤིག་ཆགས་པའི་རྒྱ་ནག་ལ་གདོང་ལེན་དང་བོད་དོན་ཐོག་ཚོགས་པ་དེས་ཕན་ནུས་ཇི་ལྟར་ཡོང་སྲིད་པའི་སྐོར་དབྱིན་ཡུལ་དུ་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་ཚེ་རིང་མཚོ་མོ་ལགས་དང་ཁ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཤེས་རབ་མཐར་ཕྱིན་ལགས་རྣམ་པ་གཉིས་དང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་བཅའ་འདྲི་བྱེད་པ་ཉན་རོགས་ཞུ།།

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎