རིན་ཀྲི་ཆིང་ལ་མི་ལོ་༡༨ཀྱི་ཁྲིམས་ཆད་བཅད་ཡོད་པ།
2020.09.24

༄༅།།རྒྱ་གཞུང་གི་ཁྲིམས་ཁང་ཞིག་གིས་རུལ་སུངས་ཀྱི་ཉེས་མིང་བཙུགས་ནས་རིན་ཀྲི་ཆིང་ལ་མི་ལོ ༡༨ ཀྱི་ཁྲིམས་ཆད་བཅད་ཡོད་པ་དང་། འབྱོར་ལྡན་ཁོང་གིས་དེ་སྔ་ཞི་ཅིན་ཕིང་ལ་སྐྱོན་བརྗོད་དྲག་པོ་བྱས་ཤིང་། ཁོང་ལ་ཁྲིམས་ཆད་ལྕི་མོ་གཅོད་དོན་ནི་དམར་ཤོག་ནང་ཁུལ་གྱི་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་ཚོར་འཇིགས་སྐུལ་བྱེད་རྒྱུར་དམིགས་ཚུལ་སོགས་གནས་ཚུལ་སྟག་ལྷ་རྒྱལ་གྱི་ཕྱོགས་སྒྲིག་དང་རྒྱང་སྲིང་ཞུས་པ་ཞིག་དང་།
ཡང་གནད་དོན་འདིའི་ཐོག་ང་ཚོའི་གསར་འགོད་པ་ཆོས་སྐྱིད་ལགས་ནས་སྐབས་དོན་གླེང་མོལ་གྱི་ལེ་ཚན་ནང་ཕྱོགས་བསྒྲིགས་ཞུས་པ་བཅས་གསན་རོགས་གནང་།