བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་འབྲེལ་བ།
2013.10.27

༄༅༎རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱས་པའི་འཚེ་མེད་ཞི་བའི་ཐེབས་རྩ་ཁང་གི་གོ་སྒྲིག་འོག་ཕྱི་ཟླ་༡༠ཚེས་༢༥ནས་༢༧བར་རྒྱ་གར་བྱང་ཤར་ཨ་རུ་ཎ་ཅལ་པྲ་དེཤ་མངའ་སྡེའི་རྒྱལ་ས་ཨི་ཊ་ན་གར་ནང་བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་འབྲེལ་བ་ཞེས་པའི་བརྗོད་གཞིའི་ཐོག་མཁས་པའི་བགྲོ་གླེང་ཞིག་གནང་བའི་ཐོག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲི་ལས་ཁང་གི་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་དང༌།བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ནས་མཉམ་ཞུགས་གནང་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎