ཞེ་ཡི་གནང་སྟངས་ལ་དམངས་ཚོཊ་ཁྲོད་དམིགས་བསལ་བྱུང་འདུག
2014.02.25
རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕུན་མི་དམངས་ཀྱི་སྡོད་ཁྱིམ་དང་སྲང་བར་གང་སར་བསྐྱོད་ནས་གླེང་མོལ་གནང་བར་དམངས་ཚོཊ་ཁྲོད་དམིཊ་བསལ་བྱུང་འདུག
དེ་ཡང་རྒྱ་ནག་ནང་རྒྱ་ནག་གི་དཔོན་རིགས་སོགས་སྲིད་དོན་མི་སྣ་དང་མི་སེར་བར་གྱི་འབྲེལ་བ་ནི་ཧ་ཅང་ཐག་རིང་པོ་ཡིན་པའི་ཁར་རྒྱ་ནག་གི་འགོ་ཁྲིད་ཀྱི་སྐྱེས་སྐར་དང་། ཁྱིམ་ཚང་གི་གནས་ཚུལ་རྣམས་དུས་རྟག་ཏུ་གསང་བ་བྱེད་པ་ཡིན། འོན་ཀྱང་རེས་གཟའ་མིག་དམར་ཉིན་སྲིད་འཛིན་Xi Jinping སྤྱིར་བཏང་གི་མི་སེར་གྱི་རྣམ་པའི་ཐོག་ནས་མི་དམངས་ཀྱི་སྡོད་ཁྱིམ་དང་། ཚོང་ཁང་། གཞུང་ལམ་གང་སར་བསྐྱོད་ནས་ཉེ་འཁྲིས་ཀྱི་མི་དང་ཕན་ཚུན་གླེང་མོལ་བྱས་པའི་གནས་ཚུལ་དེ་ས་གནས་མི་དམངས་ཚོར་ཧང་སང་བའི་ཚོར་སྣང་བྱུང་ཡོད་འདུག Xi Jinpingགྱིས་རྒྱ་ནག་གི་དེ་སྔའི་འགོ་ཁྲིད་སུ་གཅིག་གིས་བྱེད་མྱོང་མེད་པའི་རྒྱ་ནག་གི་མི་སེར་དང་ཕན་ཚུན་རྒྱུན་ལྡན་མ་ཡིན་པའི་འབྲེལ་ལམ་བྱེད་སྟངས་དེ་ལ་སྤྱི་ཚོགས་ཀྱི་དྲ་རྒྱའི་ཐོག་བསྔགས་བརྗོད་བྱེད་ཡུལ་ཞིག་ཏུ་གྱུར་ཡོད་པ་རེད། Xi Jinpingགྱིས་སྐབས་དེར་མི་སེར་དང་ཕན་ཚུན་གླེང་མོལ་བྱས་ཏེ། ཁོང་ཚོ་ས་གནས་དེར་དུས་ཡུན་ག་ཚོད་གནས་སྡོད་བྱས་བ་སོགས་སྐད་ཆ་དྲིས་སྐབས་ཉེ་འཁོར་གྱི་མི་དམངས་ནས་དགའ་བསུ་བྱས་བའི་བརྙན་རིས་ཁག་གཅིག་དྲ་རྒྱའི་ཐོག་མཐོང་རྒྱུ་ཡོད་པའི་ཁར་ད་དུང་དྲ་རྒྱའི་ཐོག་ལ། སྲང་ལམ་གུ་དོགས་པའི་ནང་ལག་ཏུ་པར་ཆས་དང་ཁ་པར་འཁྱེར་བའི་མི་ཚོགས་ཀྱི་དཀྱིལ་དུ་Xi Jinping ལངས་བསྡད་པའི་འདྲ་པར་ཡང་བཞག་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།