གྲངས་ཉུང་མི་རིགས་ལ་ཐོབ་ཐང་འདྲ་མཉམ་སྤྲོད་ཀྱི་ཡོད་ཚུལ་སོགས་ཀྱི་ཆབ་སྲིད་དྲིལ་བསྒྲགས།

2022.02.03
གྲངས་ཉུང་མི་རིགས་ལ་ཐོབ་ཐང་འདྲ་མཉམ་སྤྲོད་ཀྱི་ཡོད་ཚུལ་སོགས་ཀྱི་ཆབ་སྲིད་དྲིལ་བསྒྲགས། བོད་རིགས་རྩེད་འགྲན་པ་གཉིས།
Chinese State Media

ཐེངས་འདིའི་ཕ་ཡུལ་ལེ་ཚན་གྱི་ནང་དུ།རྒྱ་ནག་གཞུང་གིས་འཚོགས་ལ་ཉེ་བའི་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་བོད་སོགས་གྲངས་ཉུང་མི་རིགས་༢༠མཉམ་ཞུགས་བྱེད་ཀྱི་ཡོད་ལུགས་བསྒྲགས་ནས་གྲངས་ཉུང་མི་རིགས་ལ་ཐོབ་ཐང་འདྲ་མཉམ་སྤྲོད་ཀྱི་ཡོད་ཚུལ་སོགས་ཀྱི་ཆབ་སྲིད་དྲིལ་བསྒྲགས་བྱེད་ཀྱི་ཡོད་ཀྱང་།བོད་ནང་དུ་དོན་དངོས་ཀྱི་རང་དབང་ཡོད་མེད་ནི་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་གསར་འགོད་པ་སོགས་བོད་ནང་དུ་གནས་སྟངས་རྟོགས་ཞིབ་ཆེད་དུ་འགྲོ་བཅུག་གི་མེད་པ་སོགས་ནས་གསལ་པོར་མཚོན་ཐུབ་ཅེས་གནད་དོན་དཔྱད་བརྗོད་པས་གསུང་གི་ཡོད་པའི་སྐོར་བསོད་ནམས་ལྷ་མོས་གནས་ཚུལ་ཕྱོགས་བསྡུས་ཞུས་པར་གསན་རོགས།
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎