དྭོགས་ཡོད་མི་སྣ་རྒྱ་ནག་ལ་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་ངོ་རྒོལ།
2019.09.21

༄༅༎ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཧོང་ཀོང་གི་དྭོགས་ཡོད་ཉེས་ཅན་མི་སྣ་རྒྱ་ནག་ལ་རྩིས་སྤྲོད་དང་འབྲེལ་བའི་ཁྲིམས་འཆར་ལ་ཧོང་ཀོང་ནང་ངོ་རྒོལ་གྱི་ལས་འགུལ་བརྩམས་ནས་ཟླ་བ་གསུམ་ལྷག་སོང་ཞིང་། ད་ལྟའི་ཆར་ཧོང་ཀོང་གཞུང་འཛིན་འགོ་ཁྲིད་ངོས་ནས་མང་ཚོགས་མཉམ་ཞི་བདེ་ལྷིང་འཇགས་ཡོང་ཐབས་ཆེད་གྲོས་མོལ་གནང་རྒྱུ་ཡིན་ལུགས་བརྗོད་པའི་སྐབས་འདིར། ཧོང་ཀོང་ནང་གི་ཞི་རྒོལ་ཆེན་མོ་འདིའི་རྒྱབ་ལྗོངས་དང་གནས་བབ་ལ་དཔྱད་གཞིའི་སླད་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་དང་། དབྱིན་ཡུལ་ཨོཀྶ་ཕོརྜ་སློབ་གྲྭ་ཆེན་མོའི་ནང་འབུམ་རམས་པའི་སློབ་གཉེར་བ་སྦྲ་རིགས་ཐོགས་མེད་ལགས་གཉིས་དང་ལྷན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།
གསར་འགོད་པ་བཀྲ་ཤིས་དབང་ཕྱུག