རྒྱ་གར། བོད་དང་རྒྱ་ནག ༡༩༤༩ ནས་ ༦༢ ཞེས་འཁོད་པའི་དཔེ་དེབ།
2022.02.10
རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་ལྕམ་ Nirupama Rao ལགས་ཀྱིས་རྩོམ་བྲིས་གནང་བའི་བོད་ནང་གི་གོད་ཆགས་སྟེ། རྒྱ་གར། བོད་དང་རྒྱ་ནག ༡༩༤༩ ནས་ ༦༢ ཞེས་འཁོད་པའི་རྒྱལ་རབས་ལོ་རྒྱུས་དང་འབྲེལ་བའི་དཔེ་དེབ་གསར་པ་ཞིག་ཨ་རིར་རྟེན་གཞི་བྱེད་པའི་Wilsonཉམས་ཞིབ་ལྟེ་གནས་ཁང་གིས་དྲ་རྒྱའི་ཐོག་དབུ་འབྱེད་གནང་ཡོད་པ་དང་། དཔེ་དེབ་གསར་པ་དེའི་ནང་། འདས་པའི་བོད་དང་རྒྱ་གར།རྒྱ་ནག་བཅས་ཀྱི་ལོ་རྒྱུས་ཀྱི་བྱུང་བ་ནས་ད་ལྟའི་རྒྱ་དཀར་ནག་གི་འབྲེལ་ལམ་གྱི་གནས་བབ་བྱུང་བ་དང་།ལྷག་པར་དུ་ལོ་རྒྱུས་ཀྱི་དེབ་ཐེར་འདིའི་ནང་བོད་ཀྱི་གནད་དོན་གསལ་བཀོད་གནང་ཡོད་པ་སོགས་ཀྱི་སྐོར་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།