བྷོ་ཊི་སྐད་ཡིག་རྒྱ་གར་གྱི་རྩ་ཁྲིམས་གྱི་དོན་ཚན་བརྒྱད་པའི་ཁོངས་སུ་འཇུག་དགོས་པའི་ཁྲིམས་འཆར།

2022.04.13
བྷོ་ཊི་སྐད་ཡིག་རྒྱ་གར་གྱི་རྩ་ཁྲིམས་གྱི་དོན་ཚན་བརྒྱད་པའི་ཁོངས་སུ་འཇུག་དགོས་པའི་ཁྲིམས་འཆར། རྒྱ་གར་གྱི་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམས་རྒྱལ་ལགས་ཀྱིས་Bhoti སྐད་ཡིག་རྒྱ་གར་གྱི་རྩ་ཁྲིམས་ནང་འཇུག་དགོས་པའི་ཁྲིམས་འཆར་བཏོན་གནང་ཡོད་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

ཐེངས་འདིའི་ཧི་མ་ལ་ཡའི་མི་རིགས་དང་རིག་གཞུང་ཞེས་པའི་ལེ་ཚན་ནང་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམས་རྒྱལ་ལགས་ཀྱིས་Bhoti སྐད་ཡིག་དེ་བཞིན་རྒྱ་གར་གྱི་རྩ་ཁྲིམས་ཀྱི་དོན་ཚན་བརྒྱད་པའི་ཁོངས་སུ་འཇུག་དགོས་པའི་རྒྱ་གར་གྲོས་ཚོགས་ནང་ཁྲིམས་འཆར་བཏོན་གནང་བ་མ་ཟད། ནང་པའི་དགོན་སྡེ་ཁག་ནང་སློབ་གཉེར་བྱེད་བཞིན་པ་ཁག་གཞུང་གིས་ངོས་འཛིན་དགོས་པའི་སྐུལ་མ་གནང་སྟབས། ད་ཆ་ཧི་མ་ལ་ཡའི་རི་བརྒྱུད་ཁུལ་ལ་ནང་བསྟན་དེ་སྔ་ལས་ལྷག་པ་དར་ཁྱབ་འགྲོ་ཡོད་མིན་སོགས་ཀྱི་སྐོར། སེངྒེ་རི་བསོད་ནམས་ལྷ་མོ་ལགས་ཀྱིས་འབྲེལ་ཡོད་མི་སྣར་གནས་འདྲི་ཞུས་ཏེ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་འགན་འཛིན། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎