རྒྱ་གར་གྱི་སྲིད་བློན་མཆོག་ནས་རྩ་མཆོག་གྲོང་གི་རྒྱལ་སྤྱིའི་གནམ་ཐང་དབུ་འབྱེད་གནང་བ།
གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཉེ་ལམ་རྒྱ་གར་གྱི་ཨུ་ཏར་པརྡེཤ་མངའ་ཁོངས་ཀུ་ཤི་ན་གར་ཞེས་ནང་པའི་གནས་ཆེན་རྩ་མཆོག་གྲོང་གྱི་ཉེ་འདབས་སུ་རྒྱ་གར་སྲིད་བློན་ན་རེན་དྷརཱ་མོ་དྷི་མཆོག་གིས་རྒྱལ་སྤྱིའི་གནམ་ཐང་དབུ་འབྱེད་གནང་ཞིང་། འདིའི་སྐབས་རྒྱ་གར་དང་ཁྱིམ་མཚེས་ཤར་ཕྱོགས་ནང་པའི་ཡུལ་གྲུ་མང་པོའི་སྐུ་ཚབ་ཕེབས་ཞུགས་གནང་པ་དང་། ཡང་སྒོས་སྲིད་བློན་ན་རན་དྲ་མོ་དྷི་མཆོག་གིས་ནང་པའི་ཆོས་ཀྱི་བསླབ་བྱ་མང་པོ་ཞིག་དེང་རབས་ཀྱི་འཛམ་གླིང་ལ་རན་འཚམས་ཡོད་པ་གསུངས་ཡོད་པ་རེད། ནང་ཆོས་ཀྱིས་འཛམ་གླིང་མང་ཚོགས་ལ་ཕན་རླབས་ཇི་ལྟར་གྲུབ་ཐུབ་རྒྱུ་ཡོད་མེད་ཐད་རྒྱ་གར་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་གཞོན་པ་ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།