རྒྱ་གར་ཕ་མེས་ནས་ནང་པ་ཡིན་པ་རྣམས་ནས་ནང་ཆོས་ལ་སློབ་གཉེར་གྱི་འདུན་པ་གནང་བཞིན་པ།
2023.10.25
ཨོ་ཌི་ཤ་མངའ་ཁུལ་གྱི་རྒྱ་གར་ཕ་མེས་ནས་ནང་པ་ཡིན་པ་རྣམས་ནས་ས་གནས་སུ་ནང་ཆོས་གོ་རྟོགས་སྤེལ་ཐབས་ཡོང་བའི་རེ་བ་གནང་བཞིན་ཡོད་སྐོར། ས་གནས་དེ་ཁུལ་གྱི་ནང་པའི་གནས་མཇལ་ལ་ཕེབས་པའི་སེར་བྱེས་རྒན་བྱམས་པ་ཚེ་རིང་ལགས་ཀྱི་ངོ་སྤྲོད་གནང་བྱུང་། འདིའི་སྐོར་ང་ཚོའི་ས་གནས་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་གནང་།
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།