ཧོང་ཀོང་རྒྱ་ནག་ལ་བརྩིས་སྤྲོད་བྱས་ནས་ལོ་ངོ་༢༣འགྲོ་བའི་ཉིན་མོ།
2020.07.02
༄༅།།ཧོང་ཀོང་ནང་གི་ཉེན་རྟོགས་པས་ད་རེས་སྤྱི་ལོ་༢༠༢༠སྤྱི་ཟླ་༧པའི་ཚེས་༡སྟེ་གཟའ་ལྷག་པའི་ཉིན་མི་མང་༣༠༠ལྷག་འཇུ་བཟུང་བྱས་ཡོད་པ་མ་ཟད།དེའི་ནང་མི་༩ལ་རྒྱ་ནག་གཞུང་གི་གསར་དུ་ཧོང་ཀོང་ཐོག་གཏན་འབེབས་བྱས་པའི་བདེ་འཇགས་ཀྱི་ཁྲིམས་གཞིའི་འོག་འཇུ་བཟུང་བྱས་ཡོད་པ་དང། ད་རེས་ཧོང་ཀོང་དབྱིན་ཇིའི་རྒྱ་ནག་ལ་བརྩིས་སྤྲོད་བྱས་ནས་ལོ་ངོ་༢༣འགྲོ་བའི་ཉིན་མོ་དེར་ངོ་རྒོལ་བྱེད་མི་ཆོག་པའི་དམ་དྲག་ཡོད་མིན་ལ་མ་ལྟོས་པར་ཧོང་ཀོང་གི་མི་མང་སྟོང་ཕྲག་མང་པོས་རྒྱ་ནག་གཞུང་གིས་ཧོང་ཀོང་གི་ཐོག་བསྐེལ་བའི་བདེ་འཇགས་ཀྱི་ཁྲིམས་གཞི་དེ་ལ་ངོ་རྒོལ་བྱས་ཡོད་པའི་སྐོར་ཚེ་དབང་ནོར་བུ་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་ཀྱིས་སྙན་སྒྲོན་ཞུས་པ་གསན་རོགས་ཞུ།།
གསར་འགོད་པ་ཚེ་དབང་ནོར་བུ།