ཧོང་ཀོང་གི་ད་ལྟའི་གནས་བབ།
2020.07.17

༄༅།།ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཀྱི་སྐབས་སུ་བབ་པའི་བརྗོད་བྱ་ནི། ཧོང་ཀོང་གི་ད་ལྟའི་གནས་བབ་ལ་དཔྱད་བརྗོད་དང་མ་འོངས་པའི་མདུན་ལམ་ལ་ཚོད་བགམ་བྱེད་རྒྱུ་དང་། ཆབས་ཅིག་ཏུ་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་དང་ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཁྲིམས་སྲོལ་བར་གྱི་འགལ་ཟླ། རྒྱལ་ཁབ་བདེ་འཇགས་ཁྲིམས་སྲོལ་ཟེར་བ་ལག་ལེན་དུ་བསྟར་རྗེས། དེ་རིང་གི་ཧོང་ཀོང་དེ་དོན་དངོས་སུ་སྔོན་ཆད་ཀྱི་རྒྱལ་ཁབ་གཅིག་ལ་ལམ་གཉིས་ཀྱི་སྒྲོམ་གཞིའི་འོག་གི་ཚད་མཐོའི་རང་སྐྱོང་གི་ངོ་བོར་གནས་པའི་ཧོང་ཀོང་དེ་ཡིན་མིན། ད་ལྟའི་ཧོང་ཀོང་གི་གནས་སྟངས་ལས་རང་རེ་བོད་པ་ཚོས་བསླབ་བྱ་ཅི་ཞིག་ལེན་དགོས་པ་ལ་སོགས་ཀྱི་ཐད་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་རྒྱ་ཡིག་སྡེ་ཚན་གྱི་རྩོམ་སྒྲིག་པ་ཟུར་པ་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་དང་། རྒྱ་ནག་གི་ཁྲིམས་ལུགས་ཆེད་མཁས་པ་དང་ཁྲིམས་གླེང་དྲ་རྒྱའི་རྩོམ་སྒྲིག་པ་སྐུ་ཞབས་སྒྲོལ་མ་སྐྱབས་ལགས་དང་མཉམ་དུ་སྟག་ལྷ་རྒྱལ་གྱིས་བགྲོ་གླེང་བྱས་པར་ཉན་རོགས།།
གསར་འགོད་པ་སྟག་ལྷ་རྒྱལ།