འདས་པའི་ལོ་ལྔའི་རིང་སྲིད་འཛིན་ཞི་ཅིན་ཕིང་གིས་བོད་ཐོག་འཛིན་པའི་སྲིད་ཇུས།
2018.04.13
༄༅། །ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཀྱི་ལེ་ཚན་ནང་དུ། ཞི་ཅིན་ཕིང་གིས་རྒྱ་ནག་གི་སྲིད་དབང་བཟུང་བའི་འདས་པའི་ལོ་ལྔའི་རིང་། བོད་ས་ཧྲིལ་བོར་སྔར་ལས་ལྷག་པའི་དམ་དྲག་གི་སྲིད་ཇུས་བཟུང་ཡོད་པ་དང་། བྱེད་ཐབས་ཀྱི་ཆ་ནས་རྒྱ་ནག་གི་སྲོལ་རྒྱུན་གྱི་རྣམ་པ་ལ་འགྱུར་ལྡོག་ཐེབས་ཡོད་པ་རེད། ད་ལྟའི་ཞི་ཅིན་ཕིང་གི་དབང་ཆའི་དཀྱིལ་འཁོར་དང་ཁོང་གི་ཉེ་འཁོར་དུ་བོད་ཁུལ་དང་བོད་པའི་འགྲོ་སྡོད་སྤྱོད་གསུམ་ལ་རྒྱུས་མངའ་ཆེ་བའི་མི་འགའ་བསླེབས་ཡོད་པས། མི་དེ་ཚོས་ཞི་ཅིན་ཕིང་གི་བོད་ཀྱི་སྲིད་ཇུས་ལ་ཤུགས་རྐྱེན་ཐེབས་མིན་སོགས་ཀྱི་ཐད། དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་རྒྱ་སྐད་སྡེ་ཚན་གྱི་རྩོམ་སྒྲིག་པ་ཟུར་བ་སངས་རྒྱས་སྐྱབས་ལགས་དང་ལྷན་དུ་སྟག་ལྷ་རྒྱལ་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ༎
གསར་འགོད་པ་སྟག་ལྷ་རྒྱལ།