ཡུ་གུར་མི་རིགས་ཚོར་ཛ་དྲག་གི་དཀའ་ངལ་འཕྲད་བཞིན་པ།
2018.09.19
༄༅༎དེ་རིང་ཁ་བའི་གྲོས་རྭ་ཞེས་པའི་ལེ་ཚན་གྱི་ནང་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་ཡུ་གུར་གྲངས་ཉུང་མི་རིགས་ལ་ད་བར་བྱུང་མྱོང་མེད་པའི་ཛ་དྲག་གི་དཀང་ངལ་འཕྲད་བཞིན་བའི་སྐོར་གླེང་རྒྱུ་ཡིན་།རྒྱ་ནག་གཞུང་གིས་ཁ་ཆེའི་འཇིགས་སྐུལ་རིང་ལུགས་པ་ཞེས་ངན་ཁག་གཡོགས་ནས་རྒོལ་རྡུང་གཏོང་ཡུལ་དུ་གྱུར་ཡོད།ཉེ་ལམ་རྒྱ་ནག་གཞུང་གིས་ཤིང་ཅང་གི་ཡུ་གུར་ཁ་ཆེ་མི་རིགས་ས་ཡ་བརྒལ་བ་འཇུ་བཟུང་བཙན་འཁྲིད་བྱས་ཏེ་ཟུར་བཙུག་བཀག་ཉར་ཁང་དུ་ཆབ་སྲིད་ཀྱི་སློབ་གསོའི་ལས་འགུལ་སྤེལ་གྱི་ཡོད་པར་ཛ་དྲག་གི་གནས་སྟངས་དང་འབྲེལ་།ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་ཏུ་ཡུར་གུ་འགྲོ་བ་མིའི་ཐོབ་ཐང་ལས་འཆར་ཚོགས་པའི་ཚོགས་གཙོ་དང་ཁྲིམས་གཙོད་པ་NuriTurkelལ་ང་ཚོའི་་སྒྲ་འཇུག་ཁང་དུ་གདན་ཞུ་ཐོག་ནས་གླེང་མོལ་བྱེད་རྒྱུ་དང་གཞན་ཡང་རྒྱ་ནག་གི་ཐོག་གི་ཉམས་ཞིབ་པ་རིན་ཆེན་བཀྲ་ཤིས་ལགས་ཀྱིས་གནད་དོན་དེའི་ཐོག་དབྱེ་ཞིབ་བྱས་པ་ཅེས་རྩོམ་སྒྲིག་འགན་འཛན་རྡོ་རྗེ་དགྲ་འདུལ་གྱིས་ཕྱོགས་སྒྲིག་བྱས་པ་ཉན་རོགས་ཞུ༎
གསར་འགོད་པ་རྡོ་རྗེ་དགྲ་འདུལ།