རྒྱ་ནག་ནང་ཏོག་ནད་ཀྱིས་མི་མང་འབོར་ཆེན་རྐྱེན་འདས་འགྱུར་ཉེན་ཆེ།

ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱིས་རྐྱེན་པས་རྒྱ་ནག་ཏུ་ཕྱི་ལོ་ ༢༠༢༣ གྱི་ལོ་མཇུག་བར་མི་གྲངས་ས་ཡ་གཅིག་ནས་གཉིས་བར་རྐྱེན་འདས་སུ་འགྱུར་ཉེན་ཡོད་པ་ནད་ཡམས་དཔྱད་རིག་པ་ཚོས་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་དང་འཛམ་གླིང་ཡུལ་གྲུ་མང་པོའི་ནང་ཉེ་བའི་ཟླ་བ་ཁ་ཤས་རིང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་སྡུག་ཏུ་འགྲོ་བཞིན་ཡོད་པ་མ་ཟད། ནད་ཡམས་ཀྱི་རླབས་རྒྱུན་གསར་པ་འདིས་རྒྱ་གར་ཐེ་བའི་རྒྱལ་ཁབ་མང་པོའི་ནང་མིའི་ཚེ་སྲོག་དོར་ཉེན་གྱི་དྭོགས་ཟོན་བྱེད་གཞིར་གྱུར་ཡོད་པ་རེད། ཐེངས་འདིའི་དཔྱད་བརྗོད་གླེང་སྟེགས་ཀྱི་ལས་རིམ་ནང་། ཏོག་དབྱིབས་ནད་ཡམས་ཀྱི་རླབས་རྒྱུན་འདིས་རྒྱ་ནག་དང་འཛམ་གླིང་ཡུལ་གྲུ་ཁག་གི་ཐོག་ཤུགས་རྐྱེན་ཇི་ཐེབས་སོགས་ཀྱི་སྐོར་བསྟན་འཛིན་བདེ་སྐྱིད་ལགས་དང་། བཀྲིས་དབང་ཕྱུག་ལགས་ཀྱི་དབར་གླེང་མོལ་ཞུས་པ་འདི་གསན་རོགས་གནང་།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།