ཏོགས་དབྱིབས་ནད་ཡམས་ཁྱབ་རྗེས་རྒྱ་ནག་ཐོག་མཐོང་ཚུལ།
2020.10.07

འཛམ་གླིང་ཡར་ཐོན་རྒྱལ་ཁབ་མང་པོ་ཞིག་ནང་རྒྱ་ནག་ཐོག་ལ་བལྟ་སྟངས་མ་ལེགས་པ་དེ་བཞིན་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་ཚད་མཐོ་པོ་ཞིག་བསླེབས་ཡོད་པ་Pew Research ལྟེ་གནས་ཁང་གིས་ཕྱི་ཚེས་༦ཉིན་སྙན་ཐོག་ཞིག་བཏོན་ཡོད།སྙན་ཐོག་དེིའི་ནང་གཙོ་བོ་ནུབ་ཕྱོགས་རྒྱལ་ཁབ་༡༤ནང་བསམ་ཚུལ་བསྡུ་ལེན་བྱེད་པའི་སྐབས་སུ་མང་ཆེ་བས་རྒྱ་ནག་གིས་ཏོག་དབྱིབས་རིམས་ནད་སྔོན་འགོག་ཐོག་ལས་དོན་ཚགས་ཚུད་ཡག་པོ་བྱེད་མེད་པ་ངོས་འཛིན་གནང་གི་ཡོད་པ་རེད།རྒྱ་ནག་ཐོག་རྒྱལ་སྤྱིའི་འདི་ལྟར་མཐོང་ཚུལ་ཡག་པོ་མེད་པ་དང་བསྟུན་རྒྱ་ནག་ནང་ཁུལ་དུ་ཡང་། རྒྱ་ནག་གི་གཙོ་འཛིན་གཞོན་པ་ཝང་ཆི་ཧྲན་གྱི་ཕྱག་རོགས་Dong Hongདང་དེ་སྔོན་ལ་རིན་ཀྲི་ཆིང་ལ་མི་ལོ ༡༨ ཀྱི་ཁྲིམས་ཆད་བཅད་ཡོད་པ་སོགས་ཀྱི་གནས་སྟངས་ལ་བལྟས་ན་ཞི་ཅིན་ཕིང་དང་ཝང་ཆི་ཧྲན་བར་འགལ་ཟླ་ཞིག་ཡོད་པའི་གནད་དོན་དབྱེ་ཞིབ་པས་བརྗོད་པར་ལྟར་དེའི་གནད་འགག་གི་སྐོར་ཨུ་སི་ཀྲི་ལ་གནས་བཞུགས་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དང་རྒྱ་བོད་ཉམས་ཞིབ་པ་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་དང་རྩོམ་སྒྲིགས་འགན་འཛན་རྡོ་རྗེ་དགྲ་འདུལ་གྱིས་བཅའ་འདྲི་ཞུས་པ་དེ་ཉན་རོགས་ཞུ།།
གསར་འགོད་པ་རྡོ་རྗེ་དགྲ་འདུལ།