རྒྱ་ནག་གིས་རྒྱ་གར་མཐའ་སྐོར་ནས་གྲོང་གསེབ་གསར་པ་འཛུགས་བསྐྲུན་བྱེད་པར་རྒྱ་གར་གྱི་ངོས་ནས་དྭོགས་ཟོན་བྱེད་དགོས་པའི་དཔྱད་རྩོམ།

རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་ས་མཚམས་སུ་རྒྱ་ནག་གིས་གྲོང་གསེབ་གསར་རྒྱག
རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་ས་མཚམས་སུ་རྒྱ་ནག་གིས་གྲོང་གསེབ་གསར་རྒྱག (པ་ལཱ་ནེཊ་ལེབསི།)

0:00 / 0:00

སྤྱི་ལོི་༢༠༢༠སྤྱི་ཟླ་༦པའི་ཚེས་༡༥ཉིན་རྒྱ་དཀར་ནག་གཉིས་ཀྱི་དབར་ལ་དྭགས་ཀྱི་གྷལ་ཝན་ལུང་གཤོངས་ཁུལ་དུ་དམག་མིའི་དབར་འཁྲུགས་འཛིང་ཤོར་བ་ནས་བཟུང་སྟེ། རྒྱ་ནག་གཞུང་གིས་བོད་དང་རྒྱ་གར་གྱི་ས་མཚམས་སུ་ས་མཚམས་སྲུང་སྐྱོབ་ཀྱི་ཆེད་དུ་རྒྱ་གར་མཐའ་བསྐོར་ནས་གྲོང་གསེབ་གསར་པ་མང་པོ་ཞིག་འཛུགས་བསྐྲུན་བྱེད་བཞིན་ཡོད་པ་སོགས་ཀྱི་སྲིད་བྱུས་དེའི་ཐོག་རྒྱ་གར་གིས་དྭོགས་ཟོན་བྱེད་དགོས་པ་ཞིག་ཡིན་པའི་སྐོར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས་དཔྱད་བརྩོམས་སྤེལ་བ་དེ་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་གྲགས་ཅན་ཁག་ཞིག་ནང་ཐོན་ཡོད་པའི་སྐོར་ཚེ་དབང་ནོར་བུ་ལགས་ཀྱིས་ཕྱོགས་བསྒྲིགས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག