རྒྱ་ནག་བདེ་འཇགས་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ།


2014.04.15
ཞི་ཅིན་ཕེན་ཉེ་སྔོན་ཚོགས་པའི་རྒྱལ་སྟོན་དུས་ཆེན་གྱི་སྣེ་ལེན་འདུ་འཛོམས་སྐབས། ཞི་ཅིན་ཕེན་
པར། AFP

རྒྱ་ནག་བདེ་འཇཊ་ལྷན་ཁང་གི་ཚོཊ་འདུ་ཐེངས་དང་པོ་ཚོགས་སྐབས་ཞེ་ཡིས་སྤྱི་ཚོགས་བརྟན་ལྷིང་ལ་ཤུཊ་སྣོན་རྒྱག་དགོས་པའི་གཏམ་བཤད་བྱས་འདུག
དེ་ཡང་སྤྱི་ཟླ་བཞི་པའི་ཚེས་༡༥་ཉིན་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་གྱིས་གསར་དུ་བཙུགས་པའི་རྒྱ་ནག་རྒྱལ་ཡོངས་ཀྱི་བདེ་འཇགས་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་བསྐོང་ཚོགས་བྱས་ཏེ། སྤྱི་ཚོགས་བརྟན་ལྷིང་ལ་ཤུགས་སྣོན་རྒྱག་དགོས་པའི་གཏམ་བཤད་བྱས་ཡོད་པ་དང་། རྒྱ་ནག་གི་གནད་དོན་ཐོག་ལ་དབྱེ་ཞིབ་གནང་མཁན་གྱི་ངོས་ནས། རྒྱ་ནག་གི་བདེ་འཇགས་ལྷན་ཁང་དེ་ནི་ཨ་རིའི་རྒྱལ་སྲུང་ལྷན་ཁང་ལ་དཔེ་བལྟས་ནས་གསར་འཛུགས་བྱས་པ་ཞིག་དང། རྒྱ་ནག་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་དེའི་དམིགས་ཡུལ་ནི། ད་བར་རྒྱ་ནག་གི་ཉེན་རྟོག་པ་དང། དམག་དཔུང། གསང་བའི་ལས་ཁང། ཕྱི་འབྲེལ་ལས་དོན་སོགས་རྒྱ་ནག་གི་བདེ་འཇགས་ལས་ཁང་ཁག་དེ་དག་ཕན་ཚུན་གྱི་ལས་དོན་གོང་བུ་གཅིག་གྱུར་མེད་པར་ཁ་ཐོར་དུ་གནས་པ་དེ་གོང་བུ་གཅིག་གྱུར་རམ་ནང་ཁུལ་གྱི་མཉམ་ལས་ལས་དོན་གོང་འཕེལ་གཏོང་རྒྱུའི་ཆེད་དུ་ཡིན་པ་ངོས་འཛིན་གནང་གི་ཡོད་པ་རེད།
རྒྱ་ནག་གི་ཕྱོགས་ནས་དུས་རྟག་ཏུ་བོད་དང་ཤིན་ཅང་ནང་བྱུང་བའི་ཟིང་ཆའི་དོན་རྐྱེན་ནི་རྒྱ་ནག་རྒྱལ་ནང་གི་བདེ་འཇགས་ལ་ཉེན་ཁ་བཟོ་བྱེད་ཡིན་པ་བཤད་ཀྱི་ཡོད་པ་ལྟར། རྒྱ་ནག་རྒྱལ་ཡོངས་ཀྱི་ལྷན་ཁང་གསར་པ་དེ་ཡིས་བོད་དང་ཤིང་ཅང་གི་གནད་དོན་དང། ད་དུང་རྒྱ་ནག་དང་། ཉི་ཧོང་། བྱང་ཀོ་རི་ཡ། ལྷོ་རྒྱ་ནག་གི་རྒྱ་མཚོའི་བདག་དབང་སོགས་རྒྱལ་སྤྱིའི་དང་འབྲེལ་བ་ཡོད་པའི་རྙོག་དྲ་དེ་དག་ཐོག་ལ་ཐེ་ཇུས་བྱེད་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་མཇུག་སྒྲིལ་བའི་རྗེས་ཀྱི་ན་ནིང་ཕྱི་ཟླ་བཅིུག་པའི་ནང་རྒྱ་ནག་གཞུང་གིས། རྒྱ་ནག་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་ཞེས་བ་གསར་དུ་བཙུགས་ཡོད་པ་རེད།    
གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎