རྒྱ་ནག་བཅིངས་འགྲོལ་དམག་གི་བརྡ་འཕྲིན་རོགས་འདེགས་དམག་དཔུང་།
2024.04.24
རྒྱ་ནག་བཅིངས་འགྲོལ་དམག་གིས་དམག་དཔུང་ཨང་ལྔ་པ་མེད་པར་བཏང་ནས་གསང་བ་དང་སེམས་ཁམས་འཐབ་འཁྲུག་གཙོ་བོར་འཛིན་པའི་བརྡ་འཕྲིན་རོགས་འདེགས་དམག་དཔུང་གསར་དུ་བཙུགས་ནས ༢༠༡༥ ལོའི་རྗེས་ཀྱི་དམག་དཔུང་བསྐྱར་སྒྲིག་ཆེ་ཤོས་དེ་བྱས་ཡོད་པ་ལྟར། གནད་དོན་དབྱེ་ཞིབ་པས། ཞི་ཅིན་ཕིང་གིས་འཛམ་གླིང་སྤྱིའི་འགྱུར་བ་དང་དེང་རབས་དམག་དོན་ལག་རྩལ་གྱི་འཕེལ་རྒྱས། ལྷག་པར་དུ་རྒྱལ་ནང་གི་བདེ་འཇགས་སོགས་ཀྱི་དགོས་དབང་ལ་གཞིགས་ནས་དམག་ལ་ཡང་ནས་ཡང་དུ་བསྐྱར་སྒྲིག་བྱེད་བཞིན་པར་ངོས་འཛིན་གནང་ཡོད་པའི་སྐོར། སྟག་ལྷ་རྒྱལ་གྱིས་གནས་ཚུལ་ཕྱོགས་བསྒྲིགས་དང་རྒྱང་སྒྲག་བྱས་པར་གསན་རོགས་གནོངས།
གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།