རྒྱ་ནག་དབུས་དངུལ་ཁང་གི་སྤྱི་ཁྱབ་འགན་འཛིན་ཟུར་པ་Fan Yifei ཡིས་ལྐོག་རྔན་ལེན་པའི་ཉེས་མིང་འོག་སྲོག་ཁྲིམས་ཀྱི་ཉེས་ཆད་བཅད་པ།
2024.10.12
ཕྱི་ལོ་༢༠༢༤ལོའི་ཕྱི་ཟླ་༡༠པའི་ཚེས་༡༠་ཉིན། རྒྱ་ནག་གི་ཧའུ་པེ་ཞིང་ཆེན་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་རྒྱ་ནག་དབུས་དངུལ་ཁང་གི་སྤྱི་ཁྱབ་འགན་འཛིན་ཟུར་པ་Fan Yifei ཡིས་ལྐོག་རྔན་ལེན་པའི་ཉེས་མིང་འོག་སྲོག་ཁྲིམས་ཀྱི་ཉེས་ཆད་བཅད་པ་དང་འབྲེལ། ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གི་ལས་དོན་མུ་མཐུད་ནས་སྤེལ་བའི་གནད་འགག་ཇི་ཡིན་སྐོར། ཨ་སྒྲོལ་གྱིས་བཅའ་འདྲི་དང་གནས་ཚུལ་ཕྱོགས་བསྡུས་བྱས་པར་གསན་རོགས་ཞུ།
གསར་འགོད་པ། ཨ་སྒྲོལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།