རྒྱ་ནག་གི་དངོས་ཟོག་ལ་ངོ་རྒོལ།
2017.10.30
༄༅༎ཕྱི་ཟླ་༡༠ཚེས་༢༩རེས་གཟའ་ཉི་མའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་གི་རཱམ་ལི་ལ་ཐང་ཆེན་ཐོག་རྒྱ་གར་གྱི་ས་ཕྱོགས་གང་ས་ནས་རྒྱ་གར་བ་འབུམ་གཅིག་དང་ཕྱེད་ཀ་ཙམ་འདུ་འཛོམས་ཀྱིས་རྒྱ་གར་རྒྱལ་ཁབ་རང་གིས་བཟོས་བའི་དངོས་ཟོག་བེད་སྤྱོད་དང་རྒྱ་ནག་ཚོང་ཟོག་ཉོས་ཚོང་ཐོག་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང༌།ལས་འགུལ་དེའི་ནང་ས་གནས་བོད་མི་རྣམས་ནས་མཉམ་ཞུགས་གནང་ཡོད་པའི་སྐོར་འདི་གའི་གསར་འགོད་པ་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎གསར་འགོད་པ་བསོད་ནམས་སྟོབས་རྒྱལ།