རྒྱ་ནག་གི་ནུས་པ་གཅིག་ཏུ་སྒྲིལ་པའི་དམག་དོན་གྱི་འཛུགས་སྐྲུན།

2024.07.16
རྒྱ་ནག་གི་ནུས་པ་གཅིག་ཏུ་སྒྲིལ་པའི་དམག་དོན་གྱི་འཛུགས་སྐྲུན། བསྟན་འཛིན་ཡོན་ཏན། བདེ་འཇགས་དང་རྒྱལ་སྲུང་ཉམས་ཞིབ་པ།
སྒྲིག་བཟོ། RFA

རྒྱ་གར་དང་རྒྱ་ནག་དབར་གྱི་ས་མཚམས་ཀྱི་ཛ་དྲག་གི་གནས་སྟངས་ཇེ་ཆེར་འགྲོ་བཞིན་པའི་སྐབས་འདིར་བོད་མཐོ་སྒང་གི་ས་གཞི་དམའ་བའི་ས་ཁུལ་གྱི་དཔལ་འབྱོར་གྱི་འཆར་སྣང་ཆེན་པོ་ཞིག་འཛིན་པའི་འོག་ནས་རྒྱ་ནག་གཞུང་གིས་འབྲེལ་མཐུད་ཀྱི་ནུས་པའམ་བརྡ་ཐག་གི་ནུས་པ་ 5G-A སྔོན་ཐོན་གྱི་འཛུགས་སྐྲུན་རྨང་གཞི་བོད་ལྷོ་ཁུལ་དུ་བཙུགས་པ་ནི་གཞི་རིམ་གྱི་ལས་འགུལ་བོད་ནང་དུ་ཐོག་མར་འགོ་འཛུགས་བྱས་པ་ཞིག་ཡིན་པ་དང་། འདི་ནི་རྒྱ་ནག་གི་ནུས་པ་གཅིག་ཏུ་སྒྲིལ་པའི་དམག་དོན་གྱི་འཛུགས་སྐྲུན་དང་བཀོལ་སྤྱོད་བྱེད་རྒྱུ་དེ་ནི། རྒྱ་ནག་གཞུང་གིས་མཐའ་མཚམས་སྲུང་སྐྱོབ་དང་བདེ་འཇགས་ལ་ཤུགས་སྣོན་རྒྱག་པའི་འཐབ་བྱུས་ཀྱི་མངོན་འདོད་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཡིན་པར་བདེ་འཇགས་དང་འཕྲུལ་རིག་ཉམས་ཞིབ་པ་བསྟན་འཛིན་ཡོན་ཏན་ལགས་ཀྱིས་ངོས་འཛིན་གནང་གི་འདུག་ལ།  བསྟན་འཛིན་ཡོན་ཏན་ལགས་ཀྱིས་ཁོང་གི་ཞིབ་འཇུག་རྩོམ་ཡིག་རྒྱ་ནག་གིས་བོད་ནང་འབྲེལ་མཐུད་ཀྱི་རྨང་གཞི་འཛུགས་སྐྲུན་བྱེད་པ་འདི་རྒྱ་ནག་གཞུང་གིས་ས་མཚམས་ས་ཁུལ་དུ་སོ་ལྟའི་ནུས་པ་སྔར་ལས་རྒྱ་སྐྱེད་གཏོང་རྒྱུའི་འཐབ་བྱུས་ཀྱི་རྣམ་པ་ཅན་ཞིག་ཡིན་པར་རྩོད་གླེང་གནང་གི་འདུག  གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  བསྟན་འཛིན་ཡོན་ཏན་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པའི་ལས་ཚབ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།

གསར་འགོད་པ། བཀྲིས་དབང་ཕྱུག

རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།

དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎