ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱི་རྐྱེན་པས་བཟོ་གྲྭ་ནས་བྲོས་པ།
2022.11.04
རྒྱ་ནག་དང་ཧོང་ཀོང་ཐེ་ཝན་གྱི་ལེ་ཚན་ནང་། ཉིན་ཤས་སྔོན་ཨ་རིའི་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ལས་སྣོན་བྱེད་མཁན་ཆེ་ཤོས་ཀྱི་བཟོ་གྲྭ་རྒྱ་ནག་ཧའ་ནན་ཞིང་ཆེན་ཀྲང་ཀྲའུ་གྲོང་ཁྱེར་ནང་ཡོད་པའི་ཕུ་ཧྲེ་ཁང་བཟོ་གྲྭའི་ནང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་བྱུང་བའི་རྐྱེན་གྱིས་ལས་མི་མང་པོ་ཞེད་སྣང་དང་མངངས་ཚབས་ཀྱིས་བཟོ་གྲྭ་ནས་བྲོས་ཏེ་རང་ཡུལ་དུ་ཕྱིར་ལོག་བྱེད་བཞིན་པའི་གནས་ཚུལ་ཐོན་ཡོད་པར་རྒྱ་ནག་ཕྱི་ནང་ནས་དོ་སྣང་ཆེན་པོ་བྱེད་བཞིན་པ་དང་འབྲེལ་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པ་ཞིག་འཆི་མེད་ལགས་ནས་སྙན་སྒྲོན་ཞུས་གནང་གི་རེད།
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།