རྒྱ་ནག་གཞུང་གིས་སྨད་ཚོང་མའི་ཐོག་དྲག་གནོན་དང་འཇུ་བཟུང་།
2014.02.11
རྒྱ་ནག་གཞུང་གིས་རྒྱ་ནག་ལྷོ་ཕྱོགས་ནང་སྨད་ཚོང་གི་ལས་ཀ་བྱེད་མཁན་ཚོའི་ཐོག་དྲག་གནོན་དང་འཇུ་བཟུང་བྱས་འདུག
དེ་ཡང་Reuters གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་དབང་འཛིན་པས་ཏུང་ཀོང་གྲོང་ཁྱེར་ནང་ལྐོག་ཏུ་སྨད་ཚོང་འཁྲིག་སྦྱོར་གྱི་ཚོང་ལས་གཉེར་གྱི་ཡོད་སྐོར་ཉེ་སྔོན་ཕྱི་བསྒྲགས་བྱས་ཟིན་པའི་རྗེས་ལ་དྲག་གནོན་བྱ་དགོས་བྱུང་ཡོད་པ་རེད།
༡༩༤༩ལོ་ནས་བཟུང་རྒྱ་ནག་ལ་དམར་ཤོག་ཚོགས་པས་སྲིད་དབང་བཟུང་པའི་རྗེས་དཔལ་འབྱོར་གོང་འཕེལ་ཕྱིན་ནས་ལོ་༣༠རྗེས་ཁྲིམས་མེད་ལུགས་མེད་ཀྱི་སྨད་ཚོང་གནས་ཚུལ་ཐོན་པར་བརྟེན་ཨེ་ཛི་ནད་གཞི་ཁྱབ་བརྡལ་འགྲོ་བཞིན་ཡོད་པ་རེད།
རྒྱ་ནག་གིས་བརྗོད་ན། ཏུང་ཀོང་གྲོང་ཁྱེར་ནང་ཐེངས་གཉིས་ཞིབ་བཤེར་བྱས་ཟིན་པ་དང་། ཐེངས་དང་པོའི་ཞིབ་བཤེར་དེ་ཏུང་ཀོང་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་དང་ཡན་ལག་ལས་ཁུངས་ཁག་ལྔས་མཉམ་འབྲེལ་ཐོག་བཙུགས་པའི་དམིགས་བསལ་ཚོགས་པ་དེས་ཕྱི་དྲོ་ཆུ་ཚོད་༣པའི་ཐོག་གྲོང་ཚོ་ལྔ་དང་། སྤྲོ་གསེང་ཁང་༡༢ཡོངས་རྫོགས་ལ་ཞིབ་བཤེར་བྱས་ཏེ། སྨད་ཚོང་མ་དང་། སྨད་ཚོང་ངོ་སྤྲོད་བྱེད་མཁན་བཅས་ལ་དོ་དམ་བྱས་ནས། དཔང་རྟགས་ར་སྤྲོད་བྱུང་བའི་རྗེས་ཁྲིམས་ལུགས་ལྟར་ཐག་གཅོད་བྱས་ཡོད་སྐོར་དང་། ཡང་ཐེངས་དང་པོར་ཏུང་ཀོང་གྲོང་ཁྱེར་ནང་ཞིབ་བཤེར་བྱས་པའི་རིང་ཁྱོན་བསྡོམས་སྨད་ཚོང་འཁྲིག་སྦྱོར་གྱི་ལས་དང་འབྲེལ་བ་ཡོད་པའི་མི་སྣ་༦༧འཇུ་བཟུང་བྱས་པའི་སྐོར་བརྗོད་འདུག