ཐོག་བརྩེགས་ནས་མཆོངས་ཏེ་རང་ཤི་བརྒྱབས་འདུག
2014.02.04
རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་རྒྱ་མི་རིགས་ཤིག་གི་ཕ་ཐོག་བརྩེགས་ནས་མཆོངས་ཏེ་རང་ཤི་བརྒྱབས་ཡོད་འདུག
དེ་ཡང་Xue Fushun ནི་རྒྱ་ནག་གི་དམངས་གཙོ་དོན་གཉེར་ཅན་དང་རྒྱ་ནག་གཞུང་དང་ཆབ་སྲིད་ལྟ་སྤྱོད་མ་མཐུན་མཁན་Xue Mingkai ཡི་ཕ་ཡིན་པ་དང། Xue Mingkai ནི་རྒྱ་ནག་གཞུང་གིས་བཀག་བསྡོམས་བྱས་པའི་ཆབ་སྲིད་ཚོགས་པ་ཞིག་གི་ནང་ཞུགས་པ་མ་ཟད། དམངས་གཙོའི་ལས་འགུལ་ནང་ཞུགས་པའི་རྐྱེན་གྱིས་ལོ་བཞི་བཙོན་འཇུག་བྱས་པའི་རྗེས་ན་ནིང་ཕྱི་ཟླ་དགུ་པའི་ནང་གློད་གྲོལ་ཐོབ་ཡོད་པ་རེད། རེས་གཟའ་ཟླ་བའི་ཉིན་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་གིས་Xu Mingkai ཡི་ཕ་Xue Fushun ནི་རྒྱ་ནག་གཞུང་གིས་དོ་དམ་བྱེད་བཞིན་པའི་སྐབས་ཐོག་སྟེང་ནས་མཆོངས་ཏེ་་རང་ཤི་རྒྱབ་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་པ་དང་། གནས་ཚུལ་དེའི་ཐད། Xue ཡི་ཁྱིམ་ཚང་གི་དགའ་ཉེ་ཚོསXue Mingkai ཡི་ཕ་མ་གཉིས་ཀ་ཉེ་ཆར་ཕྱི་ཟླ་དང་པོའི་ཚེས་༢༣ ཉིན་རྒྱ་ནག་གི་ཤར་ཕྱོགས་Shangdong ཞིང་ཆེན་གྱི་Qufu ས་གནས་ནས་ཉེན་རྟོག་པས་བཙན་ཁྲིད་བྱས་པའི་གནས་ཚུལ་བདེན་པ་ཡིན་པ་ར་སྤྲོད་བྱས་པའི་སྐོར་གོང་གསལ་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དེས་ལུང་འདྲེན་བྱས་ཡོད་པ་རེད།
དེའང་Xue ཡི་ཁྱིམ་ཚང་གི་དགའ་ཉེ་Ma Qiang གིས་ཕེ་རན་སི་གསར་འགྱུར་ལས་ཁང་ལ། རྒྱ་ནག་གཞུང་གིས་Xue ཡི་ཕ་མ་གཉིས་ཀ་ཐེངས་མང་པོ་དོ་དམ་བྱས་མྱོང་བ་དང་རྒྱ་ནག་ནང་རང་ཤི་རྒྱག་པའི་དོན་རྐྱེན་ནི་རྒྱུན་ལྡན་ཞིག་ཏུ་གྱུར་ཡོད་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།