ཐད་སྲིང་ལས་རིམ།ཿ ཨ་རིའི་འོས་བསྡུའི་ས་ཁྲ། ཧེ་རིསི་དང་ཊམཔ་གཉིས་ཀྱིས་ཨ་རིའི་སྲིད་འཛིན་གྱི་འགྲན་བསྡུར་ནང་ཞུགས་པའི་གྲུབ་འབྲས་ཁག་འདི་ནས་ཤེས་རྟོགས་ཡོང་རྒྱུ་ཡིན།
ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་ལས་རིམ་འདི་བཞིན་མང་གཙོ་ཚོགས་པའི་འོས་མི་ལས་ཐོག་སྲིད་འཛིན་གཞོན་པ་ཀམ་ལ་ཧེ་རིསི་ (Kamala Harris) དང་སྤྱི་མཐུན་ཚོགས་པའི་འོས་མི་སྲིད་འཛིན་ཟུར་པ་ཌོ་ནལཌི་ཊམཔ་ (Donald Trump) རྣམ་གཉིས་དབར་གྱི་འོས་བསྡུའི་ལས་རིམ་ཕྱི་ཟླ་ ༡༡ ཚེས་ ༥ ཉིན་མཇུག་སྒྲིལ་གནང་ཡོད་པ་རེད། འདས་པའི་ཨ་རིའི་སྲིད་འཛིན་འོས་བསྡུའི་གྲུབ་འབྲས་ཁག་ཅིག་ལས་རིམ་མཇུག་སྒྲིལ་བྱུང་པའི་ཆུ་ཚོད་འགའ་ཤས་ནང་ཚོད་དཔག་ཐུབ་པ་བྱུང་ཡོད་ཅིང་། སྐབས་འགར་ཉིན་ཤས་སམ་གཟའ་འཁོར་འགའ་ཤས་འགོར་པ་ཡང་བྱུང་ཡོད་པ་རེད།
གཤམ་གྱི་ས་ཁྲ་འདི་བཞིན་ཨ་རིའི་རླུང་འཕྲིན་ཁང་ (Voice of America) གིས་འདོན་སྤེལ་གནང་པ་ཞིག་ཡིན་ཞིང་། ཨེ་པི་ (AP) གསར་སྤེལ་ཁང་དང་གནས་ཚུལ་ཡོང་ཁུངས་གཉིས་པ་ཞིག་གིས་ཧེ་རིསི་ (Harris) དང་ཊམཔ་ (Trump) གཉིས་ལ་མངའ་སྡེ་གང་ཞིག་གི་ནང་རྒྱལ་ཁ་བྱུང་པ་ཁག་ཤེས་རྟོགས་བྱུང་མཚམས་ཨ་རིའི་རླུང་འཕྲིན་ཁང་གི་རྩོམ་སྒྲིག་པས་འདིར་གནས་ཚུལ་ཁ་སྣོན་གནང་གི་རེད།
ས་ཁྲ་དེའི་སྦྱར་ཚེག་ནང་འགྲན་ཞུགས་པ་གཉིས་ཀྱི་འོས་གྲངས་བསྡོམས་འབོར་གསལ་ཡོད། ས་ཁྲའི་སྟེང་དུ་ལོ་ཚིགས་སོ་སོར་མནན་ཚེ་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་སྔོན་མ་ཁག་གི་གྲུབ་འབྲས་ཤེས་རྟོགས་ཐུབ།
ས་ཁྲའི་ནང་དོན་རྣམས་རང་བཞིན་གྱིས་ཁ་སྣོན་བྱེད་ཀྱི་ཡོད་པས། འདིར་གསར་དུ་ཕྱེ་གནང་དགོས་ཀྱི་མེད།
ཨ་རི་རླུང་འཕྲིན་ཁང་ (VOA) ནི་ཨ་རིའི་གཞུང་གིས་མཐུན་རྐྱེན་སྦྱོར་སྤྲོད་གནང་པ་ཞིག་ཡིན་ཡང་། རླུང་འཕྲིན་ཁང་འདིར་རྩོམ་སྒྲིག་གི་རང་དབང་ཆ་ཚང་ལྡན་པའི་ཐོག་ནས་གོ་ལའི་མང་ཚོགས་ལ་གནས་ཚུལ་མཁོ་སྤྲོད་གནང་གི་ཡོད་པ་རེད།།