བཀྲ་ཤིས་ཕུན་ཚོགས་ཀྱི་ལོ་རྒྱུས།
2010.09.29
༄༅༎བཙན་བྱོལ་གྱི་མི་ཚེའི་སྐོར་གྱི་ལེ་ཚན་ནང་དུ་རྒྱ་གར་ལྷོ་ཕྱོགས་ལུགས་བཟུང་བསམ་གྲུབ་གླིང་གི་བོད་མིའི་གཞིས་སྒར་ནང་བཅའ་བཞུགས་པ་དབུས་གཙང་རྒྱང་རྩེར་ཕྱི་ལོ་༡༩༤༣ལོར་འཁྲུངས་པ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱི་ལོ་རྒྱུས་ལས་བྱིས་པའི་དུས་སུ་ཁོང་གི་དགེ་རྒན་འཚོ་བཞུགས་རིང་བོད་ཡིག་འཁྱུག་ཙམ་སྦྱང་པ་དང༌།གཞོན་ནུའི་དུས་སུ་འཚེམ་བཟོ་སྦྱང་པ་སོགས་ཀྱི་སྐབས་དེའི་མི་ཚེ་སྐྱེལ་སྟངས་སྐོར་དང༌།རྒྱ་མི་རྒྱ་རྩེ་དང་གཞིས་ཀ་རྩེ་ཁུལ་བསླེབས་རྗེས་བཅིངས་བཀྲོལ་གྱི་མིང་ཐོག་ནས་བོད་མིའི་སྤྱི་ཚོགས་ཁྲོད་དབུལ་ཕྱུག་བར་ལ་འཁྲུག་རྐྱེན་སླང་བ་སོགས་ཀྱི་མཐོང་ཆོས་མྱོང་འགྱུར་གི་གནས་ཚུལ་སྐོར་འབེན་པ་སྟོབས་རྒྱལ་ལགས་ཀྱིས་ངོ་སྤྲོད་ཞུས་པར་གསན་རོགས༎