ཐེ་དབན་དུ་གཞི་རྒྱ་ཆེ་བའི་མཆོད་འབུལ་སྨོན་གནང་ཡོད་པ།
2013.09.12
༄༅༎ཐེངས་འདིའི་ཤེས་བྱའི་ལྡུམ་ར་ཞེས་པའི་ལེ་ཚན་ནང་དུ། ཉེ་ཆར་ཐེ་དབན་དུ་ནང་པའི་དགེ་འདུན་པ་སྟོང་ཕྲག་མང་པོས་རྒྱལ་སྤྱིའི་རང་བཞིན་ལྡན་པའི་མཆོད་འབུལ་སྨོན་ལམ་སོགས་གནང་བའི་བྱེད་སྒོའི་དེའི་ནང་། བོད་པའི་བླ་སྤྲུལ་དགེ་འདུན་པ་བརྒྱ་ཙམ་ཞིག་ཀྱང་དམིགས་བསལ་གྱི་སྡིངས་ཆའི་སྒང་ལ་གདན་ཞུས་གནང་ཡོད་པའི་སྐོར། ཐེ་དབན་དུ་བཅའ་བཞུགས་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་བསོད་ནམས་རྡོ་རྗེ་ལགས་དང་། ད་རེས་ཀྱི་གཞི་རྒྱ་ཆེ་བའི་མཆོད་འབུལ་སྨོན་ལམ་དེའི་ནང་མཉམ་ཞུགས་གནང་མྱོང་མཁན་སེར་བྱེས་ཨ་ཀ་རིན་པོ་ཆེ་བཅས་རྣམ་གཉིས་ལ། ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བཀའ་འདྲི་ཞུས་པར་གསན་རོགས་ཞུ༎