མནར་གཅོད་བཀག་སྡོམ་གྱི་ཉིན་མོ།

0:00 / 0:00

༄༅༎ཕྱི་ཟླ་༦ཚེས་༢༦རེས་གཟའ་ལྷག་པའི་ཉིན་རྒྱལ་སྤྱིའི་མནར་གཅོད་བཀག་སྡོམ་དང༌།མནར་གཅོད་ཕོག་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་རོགས་སྐྱོར་གནང་རྒྱུའི་ཉིན་མ་དང་སྟབས་བསྟུན་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གོ་སྒྲིག་འོག་ཉིན་མོ་དེར་སྲུང་བརྩི་དང་རྒྱ་གཞུང་གི་བཙོན་ཁང་ནང་མནར་གཅོད་ཚད་མེད་ཕོག་པའི་སྐོར་གྱི་དཔེ་དེབ་ཅིག་དབུ་འབྱེད་གནང་བ་སོགས་ཀྱི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎