ཆབ་སྲིད་བཙོན་པ་དོན་གྲུབ་དབང་ཆེན་ལ་བྱ་དགའ།
2012.11.21
བསྟན་འཛིན་བདེ་སྐྱིད།
༄༅༎ཕྱི་ཟླ་༡༡ཚེས་༢༠རེས་གཟའ་མིག་དམར་གྱི་ཉིན་ཨ་མེ་རི་ཀའི་གྲོང་ཁྱེར་ནིའུ་ཡོརྐ་ནང་རྟེན་གཞི་གནང་བའི་གསར་འགོད་པ་སྲུང་སྐྱོབ་ཚོགས་པས་ད་ལྟ་རྒྱ་མིའི་གཙོན་ཁང་ནང་ཡོད་པའི་བོད་པའི་གློག་བརྙན་བཟོ་སྐྲུན་མཁན་དོན་གྲུབ་དབང་ཆེན་ལགས་སུ་རྒྱལ་སྤྱིའི་གསར་འགོད་རང་དབང་གི་བྱ་དགའ་དེ་ཕུལ་ཡོད་པ་དང༌།མཛད་སྒོའི་ཐོག་ཁོང་གི་ཚབ་ཏུ་སྐུ་ཟླ་ལྷ་མོ་མཚོ་ལགས་ནས་བྱ་དགའ་དེ་བཞེས་ཡོད་པ་སོགས་ཀྱི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བདེ་སྐྱིད་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎