ཉིན་རྒྱ་དུས་གཅིག་གི་ལས་འགུལ་སྤེལ་བའི་རེ་སྐུལ།
2013.02.19

བཙོན་བྱོལ་བོད་མིའི་སྒྲིག་འཛུགས།
༄༅།།བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༠ ཉིན་འཛམ་གླིང་ཡོངས་སུ་ཉིན་བརྒྱ་དུས་གཅིག་ལ་བོད་བསྟན་སྲིད་མི་རིགས་དང་རང་དབང་གི་ཆེད་རང་ལུས་མེར་སྲེག་གཏོང་གནང་མཁན་རྣམས་དང། བཙོན་འཇུག་མནར་གཅོད་མྱངས་དང་མྱོང་བཞིན་པའི་ཕོ་མོའདས་གསོན་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་སྐྱིད་སྡུག་མཉམ་མྱོང་མཚོན་ཆེད་དུ་སླད་མཆོད་འབུལ་སྨོན་ལམ་སོགས་ལས་འགུལ་སྤེལ་དགོས་པའི་རེ་སྐུལ་གནང་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎