སྤྱི་འཐུས་གཉིས་སྒང་ཏོག་ཁུལ་ཕྱོགས་ཕེབས།
2013.05.14

༄༅༎སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་དང་དབུ་དཀར་ཚང་གཡུ་སྒྲོན་ལགས་རྣམ་གཉིས་ཕྱི་ཟླ་༥ཚེས་༡༣ནས་༡༨བར་རྒྱ་གར་བྱང་ཤར་འབྲས་ལྗོངས་ཁུལ་གྱི་སྒང་ཏོག་དང༌།ར་ཝང་ལ་ཀུན་ཕན་གླིང་བོད་མིའི་གཞིས་ཆགས།ལ་ཆེན་ལ་ཆུང་ཁུལ་གྱི་ཁ་ཐོར་བོད་གནས་ཡུལ་དུ་ཕྱོགས་ཕེབས་ཀྱིས་བོད་ནང་གི་ཛ་དྲག་གི་གནས་སྟངས།བོད་དོན་ངོ་སྤྲོད།བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་འཆར་ངོ་སྤྲོད་གནང་བ་དང༌།ས་གནས་བོད་མིའི་བདེ་སྡུག་སོགས་སེལ་ཐབས་ཆེད་ས་གནས་དཔོན་རིགས་མཇལ་མོལ་གནང་བ་སོགས་ཀྱི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་པ་སངས་ཚེ་རིང་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎