ལྡི་ལི་བོད་སྒར་ལོ་༥༠འཁོར་བའི་དུས་དྲན།

ཟླ་བ་འདིའི་ཚེས་༢༦ཉིན་ལྡི་ལི་བསམ་ཡས་གླིང་བོད་མིའི་སྡོད་སྒར་བཙུགས་ནས་ལོ་༥༠འཁོར་བའི་དུས་དྲན་གྱི་མཛད་སྒོའི་ཐོག་༧གོང་ས་མཆོག་ཆིབས་བསྒྱུར་གྱིས་བཀའ་སློབ་གནང་འདུག

ལྡི་ལི་བསམ་ཡས་གླིང་བཙུགས་ནས་ལོ་༥༠འཁོར་བའི་མཛད་སྒོའི་ཐོག་༧གོང་ས་མཆོག་ནས་བཀའ་སློབ་བཀྲིན་སྩལ་བཞིན་པ།
ལྡི་ལི་བསམ་ཡས་གླིང་བཙུགས་ནས་ལོ་༥༠འཁོར་བའི་མཛད་སྒོའི་ཐོག་༧གོང་ས་མཆོག་ནས་བཀའ་སློབ་བཀྲིན་སྩལ་བཞིན་པ། (བོད་མིའི་སྒྲིག་འཛུགས།)

0:00 / 0:00

༄༅། ། ༢༠༡༢ ཟླ་ ༡༢ ཚེས་ ༢༦ ཉིན་ལྡི་ལིར་བོད་སྒར་བསམ་ཡས་གླིང་དང་ལ་དྭགས་རྡ་རམ་ས་འགོ་བཙུགས་ནས་མི་ལོ་ ༥༠ འཁོར་བ་དང་ལྷག་པར་བོད་སྒར་བསམ་ཡས་གླིང་གཞིས་སྒར་དེ་བཞིན་རྒྱ་གར་གཞུང་ཕྱོགས་ནས་ཁྲིམས་མཐུན་གཏན་ཆགས་ཀྱི་གཞིས་སྒར་དུ་ངོས་འཛིན་གནང་བའི་དགའ་སྟོན་མཛད་སྒོ་ཞིག་གནང་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་ཆིབས་བསྒྱུར་གྱིས་ལམ་སྟོན་བཀའ་སློབ་གནང་ཡོད་པ་རེད། དེའི་སྐོར་ང་ཚོའི་ས་གནས་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།།