བཞུགས་སྒར་དུ་ཞི་བདེའི་ལྷན་ཚོགས།
2009.10.28
![]() |
གསར་འགྱུར་ལ་གསན་རོགས། |
༄༅༎ཨ་རིའི་ནང་རྟེན་གཞི་བྱེད་པའི་པིས་ཇེམ་དགེ་རྩ་ཚོགས་པའི་གོ་སྒྲིག་འོག་པིས་ཇེམ་ཞེས་ཞི་བདེའི་ལྷན་ཚོགས་བསྐོང་ཚོགས་གནང་ཚུལ་ཡོད་པ་ལྟར།ཨེ་ཤིཡ་གླིང་གི་ཞི་བདེའི་ལྷན་ཚོགས་ཐེངས་བཞི་པ་དེ།ཕྱི་ཟླ་བཅུ་པའི་ཚེས་ཉི་ཤུ་རྩ་དྲུག་དང་བདུན་ཉིན་མ་གཉིས་ཀྱི་རིང་།བཞུགས་སྒར་རྡ་རམ་ས་ལར་བོད་ཕྲུག་ཁྱིམ་སློབ་གྲྭའི་ནང་བསྐོང་ཚོགས་གནང་ཡོད་པའི་སྐོར།འདི་གའི་གསར་འགོད་པ་རྡོ་གཅོད་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་བཞུགས་སྒར་རྡ་རམ་ས་ལ་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས༎