བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་མཐུད་པ་འཛིན་བཟུང༌།

བལ་ཡུལ་ཉེན་རྟོག་པས་བལ་ཡུལ་བོད་མིའི་དངས་བླངས་སྤྱི་ཁྱབ་འབྲེལ་མཐུད་པ་འཕྲིན་ལས་བླ་མ་དང༌ཁོང་གི་ལས་དྲུང་རྣམ་གཉིས་འཛིན་བཟུང་།

2011.08.05
གསར་འགྱུར་ལ་གསན་རོགས།

༄༅༎ཕྱི་ལོ་ཉིས་སྟོང་བཅུ་གཅིག་ཟླ་བརྒྱད་པའི་ཚེས་ལྔའི་ཉིན། བལ་ཡུལ་གྱི་རྒྱལ་ས་ཀཊ་མན་ཌའི་ནང་ཡོད་པའི་ཧོ་ཊེལ་ཨེམ་སྦེ་སེ་ཌར་ཞེས་པའི་མགྲོན་ཁང་དུ། བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་མཐུད་ལས་ཁུངས་ནས་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སྟེ། བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བའི་གནད་དོན་ཁག་ཅིག་གསལ་བཤད་གནང་བའི་རྗེས། བལ་ཡུལ་ཉེན་རྟོག་པས་བལ་ཡུལ་བོད་མིའི་དངས་བླངས་སྤྱི་ཁྱབ་འབྲེལ་མཐུད་པ་འཕྲིན་ལས་བླ་མ་དང༌། ཁོང་གི་ལས་དྲུང་བྱམས་པ་དོན་གྲུབ་རྣམ་གཉིས་ལས་ཁུངས་ནས་ཁྲིད་དེ་འདྲི་ཞིབ་ཆེད་བཀག་ཉར་བྱས་ཡོད་པའི་སྐོར། འདི་གའི་གསར་འགོད་པ་སྒྲོལ་མ་ལགས་ཀྱིས་ས་གནས་ས་ཐོག་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས་ཞུ༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎