བལ་ཡུལ་དུ་གསུམ་བཅུ་དུས་དྲན་ཉིན་བོད་མི་༩འཛིན་བཟུང༌།
2012.03.12

ཨེ་ཨེཕ་པི།
![]() |
གསར་འགྱུར་ལ་གསན་རོགས། |
༄༅༎ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༠ ཉིན། བལ་ཡུལ་དུ་བོད་མི་རྣམས་ཀྱིས་བལ་ཡུལ་གཞུང་ནས་ཉེན་རྟོག་པ་གང་སར་བཀྲམ་ནས་དམ་བསྒྲགས་བྱེད་མིན་ལ་མ་ལྟོས་པར་བོད་མིའི་སྒེར་ལངས་ཐེངས་༥༣པ་སྲུང་བརྩི་ཞུས་ཡོད་པ་མ་ཟད། རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་བྱེད་སྐབས་བལ་ཡུལ་ཉེན་རྟོག་པས་བོད་སྡོམ་བོད་མི་དགུ་འཛིན་བཟུང་བྱས་ཡོད་པའི་སྐོར། འདི་གའི་གསར་འགོད་པ་སྒྲོལ་མ་ལགས་ཀྱིས་ས་གནས་ས་ཐོག་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས་གནོངས༎