གྲོང་ཁྱེར་མེལ་སྦོན་གྱི་གྲོས་ཚོཊ་ནང་བཀའ་སློབ།
༸གོང་ས་མཆོག་ནས་ཨོ་སི་ཊེ་ལི་ཡའི་གྲོང་ཁྱེར་མེལ་སྦོན་གྱི་གྲོས་ཚོགས་ནང་གལ་ཆེའི་གནད་དོན་གསུམ་གྱི་ཐོག་བཀའ་སློབ་བསྩལ་གནང་ཡོད་པ།
-
2009-12-10 -
-
-
Your browser doesn’t support HTML5 audio
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཨོ་སི་ཊེ་ལི་ཡའི་ནང་ཆོས་ཕྱོགས་ཀྱི་མཛད་འཆར་བསྐྱངས་དང་སྐྱོང་བཞིན་ཡོད་པར་ལྟར།ཟླ་འདིའི་ཚེས་དགུའི་ཉིན་ཨོ་སི་ཊེ་ལི་ཡའི་གྲོང་ཁྱེར་མེལ་སྦོན་གྱི་མངའ་སྡེ་སྤྱི་ཁྱབ་བློན་ཆེན་གྱི་གཙོས་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་དང་།དེའི་རྗེས་སུ་མངའ་སྡེ་དེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར།༸གོང་ས་མཆོག་གིས་མངའ་སྡེ་དེའི་གྲོས་ཚོགས་ནང་ཆིབས་བསྒྱར་བསྐྱངས་ཏེ་གྲོང་ཁྱེར་མེལ་སྦོན་གྱི་གྲོས་ཚོགས་གོང་མའི་ཚོགས་གཙོ་དང་འཐུས་མི་ཁག་དེ་བཞིན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སོགས་གྲོས་ཚོགས་ཀྱི་མི་སྣ་དྲུག་བཅུ་ལྷག་དང་མཇལ་འཕྲད་དང་།གལ་ཆེའི་གནད་དོན་ཁག་གསུམ་གྱི་ཐོག་བཀའ་སློབ་བསྩལ་གནང་མཛད་ཡོད་པའི་སྐོར།འདི་གའི་ཆེད་གཏོང་གསར་འགོད་པ་དཀར་མཛེས་ནོར་བུ་དགྲ་འདུལ་ལགས་ཀྱིས།ཨོ་སི་ཊེ་ལི་ཡའི་གྲོང་ཁྱེར་མེལ་སྦོན་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས༎