བྲག་འགོ་རྫོང་དུ་ངོ་རྒོལ།
2012.01.24

བོད་མིའི་སྒྲིག་འཛུགས།
![]() |
གསར་འགྱུར་ལ་གསན་རོགས། |
༄༅༎ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༣ ཉིན། བོད་ཁམས་བྲག་འགོ་རྫོང་དུ་བོད་མི་སྟོང་ཕྲག་བརྒལ་བས་རྒྱ་ནག་གཞུང་ལ་ཞི་བའི་ངོ་ རྒོལ་གྱི་ལས་འགུལ་སྤེལ་སྐབས། རྒྱ་ནག་ཉེན་རྟོག་པས་བོད་མིའི་ཐོག་དྲག་གནོན་བྱས་ཏེ་བོད་མི་གསུམ་བསད་ཡོད་པ་ དང༌། དེ་བཞིན་བོད་མི་གཉིས་ཀྱི་རྐང་པར་མེ་མདའ་ཕོག་པ་སོགས་གནས་ཚུལ་ཛ་དྲག་ཏུ་གྱུར་ ཡོད་པའི་སྐོར། འབྲེལ་ཡོད་མི་སྣ་ཞིག་གིས་འདི་གའི་གསར་འགོད་་རྡོ་གཅོད་བསྟན་འཛིན་དབང་རྒྱལ་ ལགས་སུ་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས་གནོངས༎