རྒྱ་གཞུང་གིས་ལྷ་ནས་ཡིན་པའི་བུ་མོ་ཞིག་འཛིན་བཟུང༌།
2010.06.24
![]() |
གསར་འགྱུར་ལ་གསན་རོགས། |
༄༅༎ཉེ་ཆར་བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྒྱ་གཞུང་ཉེན་རྟོག་པས་བོད་རིགས་གཞོན་སྐྱེས་རྣམས་ཀྱི་ལག་ཁྱེར་ཁ་པར་ནང་ཆབ་སྲིད་དང་འབྲེལ་བའི་གཞས་སྣ་དང་༸གོང་ས་མཆོག་གི་སྐུ་པར་ཡོད་མེད་ཞིབ་འཇུག་བྱེད་སྐབས། ཕ་ཡུལ་ས་ལྷ་ནས་ཡིན་པའི་བུ་མོ་ན་གཞོན་ཞིག་ལ་འབྲེལ་ཡོད་ཀྱི་ཉེས་དམིགས་བཙུགས་ཏེ་འཛིན་བཟུང་བྱས་ཡོད་པའི་སྐོར། བོད་ནས་མིང་འདོན་གནང་འདོད་མེད་པའི་བོད་མི་ཞིག་གིས་འདི་གའི་གསར་འགོད་པ་དཀར་མཛེས་ནོར་བུ་དགྲ་འདུལ་ལགས་སུ་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས༎