བལ་ཡུལ་ས་སྲུང་དམག་མིས་བོད་མི་དགུ་འཛིན་བཟུང༌།

བོད་ནས་བྲོས་འབྱོལ་དུ་ཡོང་མཁན་བོད་མི་དགུ་བལ་ཡུལ་ས་སྲུང་དམག་མིས་འཛིན་བཟུང་བྱས་ཏེ་ཕྱི་མི་ཞིབ་བཤེར་ལས་ཁུངས་སུ་རྩིས་སྤྲད་ཡོད་པ།

0:00 / 0:00

གསར་འགྱུར་ལ་གསན་རོགས།

༄༅༎ཕྱི་ལོ་ཉིས་སྟོང་བཅུ་ཟླ་བཞི་པའི་ཚེས་ཉི་ཤུ་རྩ་བཞིའི་ཉིན།བོད་ནས་བྲོས་འབྱོལ་སྐྱབས་བཅོལ་དུ་ཡོང་མཁན་བོད་མི་དགུ་བལ་ཡུལ་གཞུང་གི་ས་སྲུང་དམག་མིས་འཛིན་བཟུང་བྱས་ཏེ།བལ་ཡུལ་ཕྱི་མི་ཞིབ་བཤེར་ལས་ཁུངས་སུ་བཀག་ཉར་བྱེད་བཞིན་ཡོད་པའི་སྐོར།འདི་གའི་གསར་འགོད་པ་སྒྲོལ་མས་བལ་ཡུལ་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས༎