ཀུན་གཟིཊ་པན་ཆེན་སྐུ་འཕྲེང་བཅུ་པའི་རྗེས་དྲན།
2009.12.30

བཙན་བྱོལ་བོད་གཞུང་དྲ་གནས།
![]() |
གསར་འགྱུར་ལ་གསན་རོགས། |
༄༅༎ཕྱི་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་རྩ་བདུན་ནས་སུམ་བཅུ་སོ་གཅིག་བར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ།བཙན་བྱོལ་ནང་ཡོད་པའི་གདན་ས་བཀྲ་ཤིས་ལྷུན་པོ་ནས་གོ་སྒྲིག་གནང་སྟེ།ཀུན་གཟིགས་པན་ཆེན་སྐུ་འཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་དགོངས་པ་རྫོགས་ནས་ལོ་ངོ་ཉི་ཤུ་འཁོར་བའི་དུས་དྲན་དང་འབྲེལ།ཐང་ཀ་དང་པ་རིས་སོགས་ཀྱི་འགྲེམས་སྟོན་གྱི་ལས་འགུལ་ཞིག་སྤེལ་དང་སྤེལ་བཞིན་ཡོད་པའི་སྐོར།ཀུན་གཟིགས་པན་ཆེན་རིན་པོ་ཆེ་མཆོག་གི་རྗེས་དྲན་ལས་དོན་ཚོགས་ཆུང་གི་འགན་འཛིན་བློ་བཟང་རྡོ་རྗེ་ལགས་སུ།འདི་གའི་གསར་འགོད་པ་རྡོ་གཅོད་བསྟན་འཛིན་དབང་རྒྱལ་གྱིས་བཀའ་འདྲི་ཞུས་པར་གསན་རོགས༎