0:00 / 0:00
༄༅༎དེ་རིང་གི་རང་དབང་གླེང་སྟེགས་ཀྱི་ལེ་ཚན་ནང་དུ་རྒྱ་གར་ནས་བོད་བར་དུ་གོམ་བགྲོད་བྱེད་མཁན་རྣམས་བོད་ཀྱི་ས་མཚམས་སུ་སླེབས་ལ་ཉེ་བའི་སྐབས་རྒྱ་གར་གྱི་ཉེན་རྟོག་པས་བཙན་ཤེད་ཀྱིས་པོན་ཊ་ས་གནས་སུ་ཕྱིར་བསྐྱལ་ཡོད་པ་དང་གོམ་བགྲོད་བྱེད་མཁན་ཚོའི་གནས་སྟངས་ཐད་གོམ་བགྲོད་ལས་འགུལ་ཁྲོད་ཞུགས་མཁན་ཤིང་བཟའ་རིན་པོ་ཆེ་དང་ས་གནས་དེར་ཆེད་དུ་བཅར་བའི་འདི་གའི་གསར་འགོད་པ་བློ་བེ་གཉིས་དང་མཉམ་དུ་དཔལ་ལྡན་རྒྱལ་གྱིས་གླེང་མོལ་བྱས་པར་ཉན་རོགས་ཞུ༎