གཞས་པ་བཀྲིས་དོན་གྲུབ།

རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་ཉེན་རྟོགས་པས་གཞས་པ་སོག་ཕྲུག་བཀྲིས་དོན་གྲུབ་འཛིན་བཟུང་བྱས།

2009.12.04
སོག་ཕྲུག་བཀྲིས་དོན་གྲུབ་འཛིན་བཟུང་། བོད་ནང་གི་གཞས་པ་སོག་ཕྲུག་བཀྲ་ཤིས་དོན་གྲུབ་ཀྱི་འདྲ་པར།
གསར་འགོད་པ་ཀླུ་འབུམ་བཀྲ་ཤིས།

གསར་འགྱུར་ལ་གསན་རོགས།

༄༅༎བོད་ནང་གི་གཞས་པ་སོག་ཕྲུག་བཀྲིས་དོན་གྲུབ་ལགས་ཀྱིས་ཉེ་ཆར་རྨ་ཁ་མེད་པའི་གཅར་རྡུང་ཞེས་སི་ཌི་གསར་པ་ཞིག་བཏོན་པར་བརྟེན།ཟླ་འདིའི་ཕྱི་ཚེས་གསུམ་རེས་གཟའ་ཕུར་བུའི་ཉིན།ས་གནས་རྒྱ་ནག་འབྲེལ་ཡོད་ཚན་པས་ཁོང་འཛིན་བཟུང་བྱས་ཡོད་པའི་སྐོར།འབྲེལ་ཡོད་མི་སྣ་ཞིག་གིས་འདི་གའི་གསར་འགོད་པ་ཀླུ་འབུམ་བཀྲ་ཤིས་ལགས་སུ་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

མཆན།

Anonymous
Dec 12, 2009 09:55 PM

གླུ་བ་ཁོང་ནི་ཏག་ཏག་གི་དགའ་རྒོད་རང་རེད། ཁོ་ནི་ཏག་ཏག་ནས་རང་དབང་དང་འདྲ་མཉམ་ལ་མོས་པ་ཞིག་རེད།དེ་ན་ང་རང་ཚོས་ཁོང་ལ་རྗེས་སུ་ཡི་རངས་བྱ་དགོས་ཀི་རེད། སྐད་གསེང་མཐོན་པོས་ཁོ་རང་གཏོང་དགོས་པའི་གཏམ་བཤད་དགོས་ཀི་རེད། གཞན་ཡང་བཤད་རྒྱུ་ཞིག་ལ་ཁོང་ནི་བོད་ཕྲུག་རྣལ་མ་ཞིག་ཡིན་པས་སོག་ཕྲུག་ཅེས་པའི་བོད་མི་ཡིག་རྨོངས་པ་དག་གི་སྐྱོ་གར་སྤངས་ན་ལེགས་ཀི་རེད། ཞོགས་ལྗང་མིག་ཆུ་རྡོག་པོ་འགའ་དང་མཉམ་དུ་སྦྱར་བ་དགེའོ། །