སྐད་རིགས་རང་དབང་གི་ངོ་རྒོལ།
2010.10.20

བོད་ནས་བཏང་བའི་འདྲ་པར།
![]() |
གསར་འགྱུར་ལ་གསན། |
༄༅༎ཕྱི་ཟླ་བཅུ་པའི་ཚེས་བཅུ་དགུ་རེས་གཟའ་མིག་དམར་སྔ་དྲོ་ཆུ་ཚོད་བརྒྱད་པ་ཙམ་ བོད་ཤར་ཕྱོགས་ཨ་མདོ་རེབ་གོང་རྫོང་ནང་གི་རེབ་གོང་གི་སློབ་གྲྭ་ཆེ་འབྲིང་ཆུང་ གསུམ་གྱི་སློབ་མ་སྟོང་ཕྲག་ཁ་ཤས་རེབ་གོང་སྲིད་གཞུང་གི་སྒོ་འགྲམ་དང་སྲང་ལམ་ གང་སར་བོད་པའི་སློབ་གྲྭ་ཁག་གི་བོད་ཡིག་སློབ་དེབ་རྣམས་རྒྱ་ཡིག་ནང་བསྒྱུར་ རྒྱུའི་ཁྲིམས་གཞི་གསར་པ་གཏན་འབེབས་བྱས་པ་དེར་ངོས་ལེན་མེད་པའི་རྣམ་འགྱུར་ འདོན་པའི་ཆེད་རྔམ་སྟོན་ཁྲོམ་སྐོར་བྱས་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ ཁང་གི་གསར་འགོད་པ་བློ་བྷེ་ལགས་ཀྱིས་བཏང་བའི་གནས་ཚུལ་ཞིག་གསན་རོགས༎