ཨ་རི་གཙུག་ལག་སློབ་གཉེར་ཁང་ནང་རྒྱ་མིའི་ཁུང་ཙི་ལྟེ་གནས་མཚམས་འཇོག་དགོས།
ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་Mo Brook ལགས་ཀྱིས་ཨ་རིའི་གཙུག་ལག་སློབ་གཉེར་ཁང་ནང་རྒྱ་མིའི་ཁུང་ཙི་ལྟེ་གནས་ཁང་སྒོ་རྒྱག་དགོས་པའི་ཕྱག་བྲིས་གནང་ཡོད་པ།
-
2020-10-22 -
-
-
ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་Mo Brook།
སྐུ་ཞབས་Mo Brook.
Your browser doesn’t support HTML5 audio
མི་རབས་གསར་པའི་ལེ་ཚན་ནང་ ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་Mo Brook ལགས་ཀྱིས། ཨ་རིའི་Alabama མངའ་སྡེའི་འཕྲུལ་རིགས་སློབ་གཉེར་ཁང་ Troy གཙུག་ལག་སློབ་གཉེར་ཁང་གཉིས་ནང་ Confucious Institute འམ་ཁུང་ཙི་ལྟེ་གནས་ཁང་ཞེས་རྒྱའི་སྐད་ཡིག་དང་རིག་གཞུང་སློབ་འཁྲིད་ཀྱི་ལས་རིམ་དེ་སྒོ་རྒྱག་དགོས་པའི་ཕྱག་བྲིས་གནང་ཡོད་པ་སོགས་ཨ་རིའི་མཐོ་རིམ་སློབ་གྲྭ་གང་སའི་ནང་ཁུང་ཙི་ལྟེ་གནས་དེ་བཞིན་རྒྱ་ནག་གི་ཆབ་སྲིད་ཀྱི་ལག་ཆ་ལྟ་བུའི་ལྟ་ཚུལ་རྒྱ་ཆེར་འགྲོ་བཞིན་ཡོད་པའི་སྐོར་འདི་གའི་ལས་བྱེད་དོན་གྲུབ་རྣམ་རྒྱལ་ལགས་ཀྱིས་བཅར་འདྲི་ཕྱོགས་བསྒྲིགས་ཞུས་པར་གསན་རོགས་གནང་།།