པཎ་ཆེན་རིན་པོ་ཆེ་གར་བཞུགས་ཕྱི་གསལ་ནང་གསལ་བཟོ་དགོས་པའི་འབོད་སྐུལ།
ཀུན་གཟིགས་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་གཙོས་པས། ཨ་རི་དང་ཁེ་ན་དྲའི་གྲོས་ཚོགས་འཐུས་མི་སོགས་མི་སྣ་ཁག་ཅིག་ནས་འཚམས་འདྲི་ཞུས་འདུག
- 2021-04-27
-
-
-
ཀུན་གཟིགས་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་གཙོས་པས། ཨ་རི་དང་ཁེ་ན་དྲའི་གྲོས་ཚོགས་འཐུས་མི་སོགས་མི་སྣ་ཁག་ཅིག་ནས་འཚམས་འདྲི་ཞུས་འདུག
Your browser doesn’t support HTML5 audio
༄༅།།ཐེངས་འདིའི་གསར་འགྱུར་དཔྱད་གཏམ་གྱི་ལེ་ཚན་ནང་། ཀུན་གཟིགས་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་གཙོས་པས། ཨ་རི་དང་ཁེ་ན་ཌའི་གྲོས་ཚོགས་འཐུས་མི། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་འབྲེལ་ཡོད་སོགས་མི་སྣ་ཁག་ཅིག་ནས་འཚམས་འདྲི་དང་བཅས་རྒྱ་ནག་གཞུང་ནས་ཁོང་གར་བཞུགས་ཕྱི་གསལ་ནང་གསལ་བཟོ་དགོས་པའི་འབོད་སྐུལ་གནང་བ་སོགས་ཀྱི་གནས་ཚུལ་རིག་འཛིན་ཆོས་སྒྲོན་ལགས་ནས་ཕྱོགས་སྒྲིག་ཞུས་པ་ཞིག་གསན་རོགས་གནང་།།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།